རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༢ ཚེས ༡༥ ཉིན་གྱི་དགོང་མོ་ཐན་ཙན་ནི་ཡའི་ཙུང་ཐུང་མ་ཀུའུ་ཧྥུའུ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། མ་ཀུའུ་ཧྥུའུ་ལིས་ཙུང་ཐུང་གི་འགན་གནས་བསྟུད་མར་བཞེས་པར་སླར་ཡང་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་གསར་སྐྲུན་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་དམིགས་ཚད་ཐོག་ནས་ཀྲུང་གོ་དང་ཐན་ཙན་ཉི་ཡའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བཞིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཐན་ཙན་ནི་ཡའི་བློས་འགེལ་ཆོག་པའི་གྲོགས་པོ་དང་བློ་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་རང་བརྟེན་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཐན་ཙན་ནི་ཡ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་བརྟན་དུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཐན་ཙན་ནི་ཡར་མ་འཇོག་བྱེད་པར་བསྐྱོད་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ཁུངས་གསར་སྤེལ། ཞིང་ལས། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླི་གི་མཐུན་སྒྲིལ་རིམས་ནད་འགོག་བཅོས་ཀྱི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཐན་ཙན་ནི་ཡའི་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་གནང་ཡོད།
མ་ཀུའུ་ཧྥུའུ་ལིས། ཐན་ཙན་ནི་ཡའི་ཙུང་ཐུང་འདེམས་བསྐོ་ཆེ་མོའི་སྔ་རྗེས་སུ་ཀྲུང་གོའི་ཕྱོགས་ཀྱིས་ཆབ་སྲིད་ཀྱི་རྒྱབ་སྐྱོར་བརྟན་པོ་གནང་བར་ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག་ཀྲུང་གོར་རླབས་ཆེའི་གྲུབ་འབྲས་ཐོབ་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ལོ་མང་རིང་། ཐན་ཙན་ནི་ཡ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་འབོར་ཆེན་བྱས་པས་ཐན་ཙན་ནི་ཡ་ཕྱོགས་ལ་ཕན་པ་མང་པོ་ཐོབ་ཡོད། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་གལ་ཆེ་ཞིང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཏུ་བརྩི་གི་ཡོད་པ་དང་། སྲོལ་རྒྱུན་གྱི་མཛའ་ཤེས་བརྟན་དུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཞིང་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཤིན་ཅང་དང་ཤང་ཀང་སོགས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་ཐན་ཙན་ནི་ཡ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུ་ཡིན། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་ཀྱི་མཉམ་ལས་དང་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཐུན་སྒྲིལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གླེང་སྟེཊ་འདིར་ཤིས་ཚིག་གནང་འདུག ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདིའི་དབྱིན་ཡིག་དཔར་མ་བཀྲམ་པ། ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་པར་དུ་སྐྲུན་འདུག མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག