གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

བོད་ལྗོངས་མི་དམངས་འཐུས་ཚོཊ་སྐབས༡༡པའི་ཚོཊ་འདུ་ཐེངས༤པ་མཇུག་སྒྲིལ་བ།

སྤེལ་དུས་: 2021ལོ་01ཟླ་25ཚེས་ 10:33 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་སྤྱི་ཚེས ༢༤ ཉིན་ལྷ་སར་མཇུག་སྒྲིལ་བ་དང་། ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་སྙན་སྒྲོན་དྲུག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་དང་། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། འབྲེལ་ཡོད་ཀྱི་མི་དོན་གནད་དོན་ཐད་འདེམས་བསྐོ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།

མཇུག་སྒྲིལ་ཚོགས་འདུའི་ཚོགས་རའི་ཟུར་ཞིག

ཚོགས་ཆེན་ཐོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས། ང་ཚོས་ངེས་པར་དུ་བསམ་སྦྱོར་གཉིས་ཀ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་མ་ཟད། གོང་འཕེལ་གྱི་དུས་མཚམས་གསར་པ་སྟངས་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གཏོང་ཕྱོགས་གསར་པ་འཛུགས་སྐྱོང་བཅས་བྱེད་པའི་ཁར། ཚོགས་ཆེན་ཐོག་གྲོས་ཞིབ་ཆོག་མཆན་སྤྲད་པའི་སྙན་སྒྲོན་ཁག་དང་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་ནན་ཏན་བྱེད་པ་དང་། དོན་ཆེན་བཞི་དམ་འཛིན་ཡག་པོ་དང་། འགན་ལེན་བཞི་མངོན་འགྱུར་ཐུབ་རྒྱུར་དམ་པོར་དམིགས་ཏེ། དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་རྩོམས་དགོས་ཞེས་གསུངས་ཡོད།

འཐུས་མི་ཚོ་ཚོགས་ར་ནས་ཕྱིར་ཐོན་བཞིན་པ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། བོད་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་ཚོགས་འགོ་ཚུགས། ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་གི་རུ་ཐོག་ཤང་རྫེམས་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་ལ་འཕྲིན་ལན་སྤྲིངས་པ།