སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུ།
སྤྱི་ཟླ ༡ པོའི་ཚེས ༢༣ ཉིན་ཕྱི་དྲོ། དུས་ཡུན་ཉིན་ལྔ་ཡིན་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ལྷ་སར་མཇུལ་སྒྲིལ་ཡོད་པ་རེད།
ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་ལས་དོན་སྐོར་གྱི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིའི་ལས་དོན་སྐོར་གྱི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ཡོད།
ཨུ་ཡོན་རྣམས་ཚོགས་ར་ནས་བྲལ་བ།
ད་ཐེངས་ཀྱི་སྲིད་གྲོས་ཚོགས་ཆེན་འདི་ནི་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པར་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་སྐབས་སུ་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཨུ་ཡོན་རྣམ་པས་ཆབ་སྲིད་ཀྱི་བརྩོན་སེམས་དང་ཆེས་འགན་ཁུར་བའི་རྣམ་པའི་ཐོག་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། བོད་ལྗོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དང་ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་རྩ་གནད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག་སོགས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ། དོན་ཆེན་བཞི་དང་། འགན་ལེན་བཞི་ལ་དམིགས་ནས་སྲིད་ཞུགས་སྲིད་གླེང་ཧུར་ཐག་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་ཡོང་བ་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱི་འདོད་ཚུལ་དང་འགན་འཁྲི་ཁུར་སེམས་མཚོན་པར་བྱས་ཏེ་ཆེད་མངག་གྲོས་བསྡུར་སྒྲིག་གཞིའི་རིན་ཐང་མངོན་པར་བྱས་ཡོད། དེ་ནི་དམངས་གཙོ་དར་སྤེལ་དང་། ངོས་འཛིན་གཅིག་འདུས། དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།
ཨུ་ཡོན་རྣམས་ཚོགས་ར་ནས་བྲལ་བ།
ཚོགས་ཆེན་ཐོག ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ལས་ཁུངས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ནས་དོན་ཆེན་གཉིས་སེམས་ལ་ངེས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་གྲུབ་གཞི་གསར་པ་འཛུགས་སྐྱོང་བཅས་བྱས་ནས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཐུབ་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ། བློ་དཀར་གཞུང་དྲང་གིས་རྒྱལ་ཁབ་ཀྱི་ཆེད་ལས་འགན་སྒྲུབ་པ་དང་། མི་དམངས་ཀྱི་དོན་དུ་འགན་འཁྲི་ཁུར་ཏེ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དགེ་མཚན་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་འབྲས་སུ་འགྱུར་བ་བྱེད་དགོས་པ་ནན་བཤད་བྱས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། བོད་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་ཚོགས་འགོ་ཚུགས། ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་གི་རུ་ཐོག་ཤང་རྫེམས་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་ལ་འཕྲིན་ལན་སྤྲིངས་པ།