གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

བོད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཇི་ལྟར་སྤེལ་དགོས་སམ།

སྤེལ་དུས་: 2021ལོ་02ཟླ་23ཚེས་ 15:38 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་གྲོང་ཁྱེར་ཤིན་སི་ཅུན་དམག་དཔུང་ལོ་རྒྱུས་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་བརྒྱར་སླེབས་པའི་འཐབ་འཛིང་པ་རྒན་གྲས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་དང་། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལག་བསྟར་ཇུས་གཞི་བཅས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

ཚོགས་ར།

ཚོགས་འདུའི་ཐོག་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་། མཁྱེན་རྒྱ་ཡངས་པ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་གསུང་བཤད་ཅིག་རེད། དེའི་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། གཙོ་གནད་ལས་འགན། ལས་དོན་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས། བསམ་བློའི་རང་བཞིན་དང་། ཆབ་སྲིད་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེར་བརྟེན་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུ་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱེད་དགོས་ཤིང་། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པའི་དམིགས་ཚད་བླང་བྱར་དམ་པོ་དམིགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་དགོངས་དོན་ལ་བརྟེན་ནས་དུས་བབ་ལ་དབྱེ་ཞིབ་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་སྦྱོང་སློབ་གསོའི་དམིགས་ཚད་གཙོ་བོ་དང་། བྱེད་ཐབས་ཞིབ་ཕྲ། ལས་འགན་གཙོ་བོ་སོགས་ལ་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་ལོན་པར་བྱེད་པ་དང་། རང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱེད་པ། གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ལས་དོན་གྱི་བྱེད་ཐབས་ཞིབ་ཕྲ་རུ་གཏོང་བ་བཅས་བྱས་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་འཛུགས་དགོས་ཤིང་། ལམ་བཞིའི་བོད་སྐྱོད་འཐབ་འཛིང་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཏང་གི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལྷག་དོན་དུ་ན་གཞོན་མི་རབས་ལ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དར་ཆ་གསལ་སྟོན་ངང་འཐབ་རྩོད་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཤིང་། ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས། ཞི་ཅིན་ཕིང་ནས་གྲོས་ཚོགས་གལ་ཆེན་འདི་གཙོ་སྐྱོང་གནང་འདུག ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ། ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིཌ་ཚོཌ་ཆུང་བཅུ་པའི་སྐོར་གཟིཌ་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོཌ་འདུ་འཚོཌ།