སྤྱི་ཟླ ༧ ཚེས ༡༦ ཉིན་གྱི་ཉིན་དགུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་པའོ་རུང་བཅས་པ་དང་བཞུགས་མོལ་གནང་ནས་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཝུའུ་དབྱིང་ཅེས་ལི་པའོ་རུང་དང་བཞུགས་མོལ་གནང་བཞིན་པ།
ཚོགས་ར།
ཝུའུ་དབྱིང་ཅེས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ། བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་བ་བཅས་ཀྱི་འགག་རྩའི་དུས་སུ་དྲུང་ཆེ་གཞོན་པ་ལི་པའོ་རུང་གིས་རུ་སྣེ་ཁྲིད་དེ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་འབྲེལ། རང་ལྗོངས་ཀྱི་རྟེན་འབྲེལ་ཆེན་པོའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་ལ། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་རང་ལྗོངས་ཀྱི་རྟེན་འབྲེལ་ཆེན་པོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་ཡང་མཚོན་ཐུབ། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རྟེན་འབྲེལ་ཆེན་པོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚབ་ཞུས་ནས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་པ་རེད།
རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཝུའུ་དབྱིང་ཅེས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྟེན་འབྲེལ་ཆེན་པོའི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཟབ་རྒྱས་དང་། དོན་གཉེར། བཀྲ་ཤིས་པ། བབ་ཆགས་པ། བདེ་འཇགས་བཅས་ཀྱི་ལས་ཀའི་བླང་བྱ་ལྟར་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དེ་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ། དོན་ཆེན་བཞིར་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲ་སྒྲིག་ལས་ཀ་ཏན་ཏན་ཏིག་ཏིག་གིས་ལེགས་པར་སྒྲུབ་པ་དང་། བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དེ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པར་དྲིན་ཚོར་བ་དང་འབད་འབུངས་མདུན་སྐྱོད་བྱེད་པ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་བཅས་མངོན་པའི་བྱེད་སྒོ་གལ་ཆེན་ཞིག་ཏུ་ཏན་ཏིག་སྤེལ་གྱི་ཡིན། རེ་བར་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྟེན་འབྲེལ་ཆེན་པོའི་ཞབས་འདེགས་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བའི་འགན་ལེན་བྱེད་དགོས།
ལི་པའོ་རུང་གིས། ད་ཐེངས་བོད་དུ་བརྟག་ཞིབ་ཏུ་ཡོང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་བྱུང་བས། སེམས་འགུལ་ཆེན་པོ་ཐེབས་བྱུང་། བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དུས་ཆེན་གཟབ་རྒྱས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དང་མཉམ་དུ་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རྟེན་འབྲེལ་ཆེན་པོའི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བར་བྱས་ཏེ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་རྒྱལ་ཡོངས་མི་དམངས་བློ་ཡིད་ཚིམ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་ཀྱི་སྙིང་བཏུས། ཞི་ཅིན་ཕིང་གིས་ས་སུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས། བདུན་གཅིག་གསུང་བཤད་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་བྱེད་དགོས། ཞི་ཅིན་ཕིང་གིས་རྩོམ་སྒྲིག་པུའུ་འདིའི་ལས་མིར་འཕྲིན་ལན་སྤྲིངས་པ།