གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་དྲིལ་བསྒྲཌ་བསམ་བློའི་འཐབ་ཕྱོཌ་སུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2021ལོ་11ཟླ་05ཚེས་ 17:36 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ ཚེས ༢ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་སྦྲགས། བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་བོད་ཀྱི་སྨྱན་སྦྱོར་གཙོ་བོའི་འཐབ་ས་དང་པོའི་གསར་འགོད་པ་དང་རྩོམ་སྒྲིག་པ། སྙན་སྒྲོན་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

ཝང་ཅུན་ཀྲེང་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ལྗོངས་ཡན་ལག་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་སྤྱི་ཁྱབ་ས་ཚིགས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་སུ་ཕེབས་ནས་གསར་འགྱུར་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེ་རྗེས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་གནང་སྟེ་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་སྙན་སེང་གསན་པ་མ་ཟད། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།

ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྩ་བའི་རྩ་དོན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དཔེ་བསྡུར་མིག་ལྟོས་ཀྱི་འདུ་ཤེས་ཟབ་གཏོང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

图片

ཝང་ཅུན་ཀྲེང་གིས་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ལྗོངས་ཡན་ལག་ཁང་དུ་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

བློ་བརྟན་འགྱུར་མེད་ངང་དར་ཆ་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་འབད་བརྩོན་བྱས་ཏེ་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། སེམས་སུ་ཟུག་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་བ་དང་དེ་བས་ལེགས་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

བློ་བརྟན་འགྱུར་མེད་ངང་དམངས་སེམས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

ཝང་ཅུན་ཀྲེང་གིས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་ལས་དོན་པ་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

བློ་བརྟན་འགྱུར་མེད་ངང་མི་གསར་བསྐྱངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་གྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས།

བློ་བརྟན་འགྱུར་མེད་ངང་གཡུལ་ས་སྟོབས་ཆེར་བཏང་ནས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་ཤིང་། མཐུན་སྒྲིལ། བརྟན་ལྷིང་། ཡར་སྐུལ་དང་དྲང་ཕྱོགས་ནས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གསུང་སྒྲ་བརྒྱུད་སྤྲོད་ཡག་པོ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས།

ཝང་ཅུན་ཀྲེང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་སྤྱི་ཁྱབ་ས་ཚིགས་སུ་བརྟག་ཞིབ་གནང་བཞིན་པ།

བློ་བརྟན་འགྱུར་མེད་ངང་རིག་གནས་དར་སྤེལ་བཏང་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། རིག་གནས་ཐོན་ལས་འཕེལ་རྒྱས་དང་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་གཡུལ་ས་སྟོབས་ཆེར་བསྐྲུན་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་སྣ་མང་རང་བཞིན་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་དུས་རབས་གསར་པའི་བོད་ཀྱི་རིག་གནས་གསར་གཏོད་ཀྱི་ལས་དོན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། གསར་སྤེལ་བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་དང་ཚན་རྩལ་དང་། ཡུལ་སྐོར། ལུས་རྩལ་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་མགྱོགས་སུ་གཏོང་དགོས། །

图片

ཝང་ཅུན་ཀྲེང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

བློ་བརྟན་འགྱུར་མེད་ངང་གཟུགས་བརྙན་མངོན་པར་བྱས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཡག་པོ་ཤོད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཡོང་བར་བྱེད་པའི་རླབས་ཆེན་གྲུབ་འབྲས་མངོན་འགྱུར་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་གཏོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་དང་དམངས་ཚོགས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

图片

ཝང་ཅུན་ཀྲེང་གིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་གསར་འགྱུར་ལས་དོན་པ་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་གིས་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་ལྟ་བ་དང་། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་པ་བཀོལ་སྤྱོད་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་མཛད་སྒོ་འདིའི་ཐོག་ནན་སྟོན་འདི་ལྟར་གནང་། ཞི་ཅིན་ཕིང་གིས་འགྲེམས་སྟོན་འདིའི་ཐོག་འདི་ལྟར་གསུངས། ཝང་ཅུན་ཀྲེང་གིས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པར་འདི་འདྲ་གསུངས། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུ་འཚོཌ་པ།