གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།

སྤེལ་དུས་: 2021ལོ་12ཟླ་07ཚེས་ 12:33 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ནས་སྤྱི་ལོ ༢༠༢༢ ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་པ། སྤྱི་ལོ ༢༠༢༢ ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ༼ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་༽ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཟླ ༡༢ པའི་ཚེས ༦ ཉིན། ཀྲུང་གུང་ཀྲུང་དབྱང་གིས་གྲོས་ཚོགས་འཚོགས་ནས་སྤྱི་ལོ ༢༠༢༢ ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་ཡོད། གྲོས་ཚོགས་ཐོགཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་ལ་གསན་པ་དང་། སྤྱི་ལོ ༢༠༢༢ ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ༼ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་༽ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

གྲོས་ཚོགས་ཐོགད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ང་ཚོས་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་ལ་ཁ་གཏད་གང་ལེགས་བཅག་པ་དང་། འབད་པ་ཆེན་པོས་བསྒྱུར་བཅོས་གོང་འཕེལ་གྱི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱས་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་བཙུགས་ཡོད། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་འཛམ་གླིང་སྣེ་ཁྲིད་གནས་བབ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གོང་འཕེལ་མྱུར་པོ་བྱུང་བ། ཐོན་ལས་ཀྱི་མཉེན་ཤུགས་དང་བཟང་ཆ་མཐོར་འདེགས་ཐུབ་པ། བསྒྱུར་བཅོས་སྒོ་དབྱེ་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། དམངས་འཚོར་འགན་སྲུང་ནུས་ལྡན་ཐུབ་པ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱུན་མཐུད་ཐུབ་པ་བཅས་བྱུང་བའི་ངོས་འཛིན་གནང་ཡོད།

གྲོས་ཚོགས་ཐོགསང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཆ་ཚང་ལ། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གཏོད་པ། སྒོ་ཀུན་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་ཐོག་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མུ་མཐུད་དེ་བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ། མུ་མཐུད་ནས་དམངས་འཚོ་ལེགས་བཅོས་བྱེད་པ། སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ཆེན་པོ་བརྟན་པོ་ཡོང་བ་བྱེད་པ། དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་ཐུབ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

གྲོས་ཚོགས་ཐོགསང་ལོའི་དཔལ་འབྱོར་ལས་དོན་དེ་བརྟན་པོ་བརྟན་སྲུང་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས། སྤྱི་ཁོག་སྲིད་ཇུས་བརྟན་པོ་ཡོད་པའི་སྒང་ལ་ཕན་འབྲས་ཐོན་པ་བྱེད་དགོས་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལ་སྐྱོན་དང་བྲལ་བའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་ཕན་འབྲས་མཐོ་རུ་གཏོང་དགོས་པ་དང་། གནད་ལ་འཕིགས་ཤིང་རྒྱུན་མཐུད་ཐུབ་རྒྱུར་དེ་བས་དང་དོད་བྱེད་དགོས། བརྟན་ལ་སྐྱོན་དང་བྲལ་བའི་དངུལ་ལོར་སྲིད་ཇུས་བབ་བསྟུན་འོས་འཚམས་ཐུབ་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་བྱེད་དགོས། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། འཛད་སྤྱོད་རྒྱུན་མཐུད་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ། གོང་འཕེལ་གྱི་ནང་སྐྱེས་སྒུལ་ཤུགས་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས། ཕྲ་མཐོང་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲུབ་གཞིའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཡོང་བ་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མཁོ་སྤྲོད་ཀྱི་མཉེན་ཤུགས་ཆེ་རུ་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཚོང་ཟོག་ཁང་པའི་ཁྲོམ་རས་ཁང་པ་ཉོ་མཁན་གྱི་ལུགས་མཐུན་སྡོད་ཁང་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱས་ནས་ས་ཁང་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་འཁོར་རྒྱུག་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་སྲིད་ཇུས་གང་མགྱོགས་དོན་འཁྱོལ་ཐུབ་པ་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ཐུབ་རྒྱུར་མུ་མཐུད་དམ་འཛིན་བྱེད་པ། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཤུགས་ཆེར་གཏོང་བ། ཁེ་ལས་ཀྱི་གསར་སྐྲུན་གཙོ་གཟུགས་ཀྱི་གནས་བབ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། ཚན་རྩལ་དང་ཐོན་ལས། དངུལ་རྩ་བཅས་འཁོར་རྒྱུག་ཡག་པོ་ཐུབ་པ་བྱེད་དགོས། སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱིས་གོང་འཕེལ་གྱི་སྒུལ་ཤུགས་ཤུགས་ཆེར་གཏོང་བ་དང་། ས་ཁོངས་ཀྱི་འཐབ་ཇུས་ཆེན་པོ་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་འཐབ་ཇུས་ལ་ནུས་ལྡན་ངང་སྐུལ་འདེད་བཏང་སྟེ་གཞི་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བ་བྱེད་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་ཁུལ་ལ་དམ་འཛིན་བྱས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཐིག་བརྟན་པོ་སྲུང་བ་དང་། ལས་ཞུགས་སྔོན་འཇོག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། བུ་བཙའི་སྲིད་ཇུས་གསར་པ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། གཞི་རྩའི་རྒན་གསོའི་འགན་བཅོལ་ལ་རྒྱལ་ཡོངས་གཅིག་གྱུར་ཐོག་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་སྡོད་ཁུལ་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་ལམ་ལུགས་འཐུས་ཚང་འཛུགས་པ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོགལོ་མཇུག་དང་ལོ་འགོའི་ཕྱོགས་ཁག་གི་ལས་དོན་ཡག་པོ་བསྒྲུབ་ནས་མི་དམངས་མང་ཚོགས་ནས་དུས་ཆེན་གཉིས་དགའ་གཏོང་བྱ་རྒྱུར་འགན་ལེན་བྱེད་དགོས། ཕྱི་ནས་མཆེད་རྒྱུ་སྔོན་འགོག་དང་ནང་ནས་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། རྡོ་སོལ་དང་གློག སྣུམ། རླངས། སྐྱེལ་འདྲེན་བཅས་མཁོ་སྤྲོད་འགན་སྲུང་ཐུབ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་མང་ཚོགས་རྣམས་དྲོ་སོབ་སོབ་ངང་དགུན་ཁ་བསྐྱལ་རྒྱུར་འགན་ལེན་བྱེད་དགོས། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་དགོས། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨའོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཡག་པོ་བསྒྲུབ་སྟེ་སྟབས་བདེ་ལ། བདེ་འཇགས་ཡིན་པ། ལྟད་མོ་ཆེ་བ་བཅས་ཀྱི་ཨའོ་རྩལ་རྒྱས་འཛོམས་ཤིག་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོགབློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་དང་། འདུ་ཤེས་བཞི་ཆེ་རུ་གཏོང་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་ལ་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་སྐོར་གཟིགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ངན་པ་བཞིའི་གཅོང་ནད་ཡོ་བསྲང་བྱེད་པར་ཤུགས་སྣོན་རྒྱག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། ཁྲིམས་འཛིན་ལས་དོན་སྤེལ་བ། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་སྲོལ་ངན་ཐག་གཅོད་ནན་ཏན་བྱེད་པ། རྣམ་པ་རིགས་བཞི་བེད་སྤྱོད་གང་ལེགས་བྱེད་པ། སྒྲིག་བཤེར་དང་ལྟ་ཞིབ་ཀྱི་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རང་ངོས་གཅུན་འདོམས་དང་རང་ངོས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་སྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད་རེད།

གྲོས་ཚོགས་ཐོགརང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་དུས་རིམ་གསར་པར་གཞི་རྐང་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་རང་རྟོགས་ངང་བེད་སྤྱོད་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པ་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་འཐབ་ཇུས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཆད་གཅོད་ཟིལ་གནོན་དང་། ལམ་ལུགས་ཀྱི་གཅུན་སྡོམ། གོ་རྟོགས་མཐོ་རུ་གཏོང་རྒྱུ་བཅས་གཞི་གཅིག་ཅན་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་འབད་བརྩོན་བྱེད་པ། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་གོང་འཕེལ་གྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

དེའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྤྱི་ལོ ༢༠༢༡ ལོའི་ལས་ཀའི་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་གནང་ཡོད།

གྲོས་ཚོགས་ཐོག་སང་ལོའི་སྤྱི་ཟླ ༡ ཚེས ༡༨ ཉིན་ནས་ཚེས ༢༠ ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྐོང་ཚོགས་བྱ་རྒྱུར་མོས་མཐུན་བྱས་ཡོད།

གྲོས་ཚོགས་ཐོག ཏང་གི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་ཆེད་འགན་འཁུར་བའི་ལས་ཁུངས་ཤིག་ཡིན། ༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་༽ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཕྱོགས་བསྡོམས་གཏིང་ཟབ་བྱས་ནས། ཏང་གིས་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལམ་སྲོལ་དང་། འཁོར་སྐྱོད་བྱེད་སྟངས། ལས་འགན་འགན་འཁྲི་སོགས་ཁྱོན་ཡོངས་ནས་ཚད་ལྡན་བཟོ་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་༼སྲོལ་ཡིག་༽གཏན་འབེབས་བྱས་ནས་བཏོན་པ་དེའི་ཐོག་ནས་རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཅེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོགསྒྲིག་བཤེར་དང་ལྟ་ཞིབ་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་མ་ལག་ཐད་ཕན་ནུས་གསར་པ་འདོན་སྤེལ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་འབྲེལ་མཐུད་བྱེད་པའི་ཐད་ལམ་སྲོལ་གསར་པ་ཆགས་པ་བྱེད་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་དགོས། དབང་ཆའི་ཚད་གཞི་ཁ་གསལ་བཟོ་བ་དང་ནང་ཁུལ་ཚོད་འཛིན་གྱི་ལམ་སྲོལ་ནན་དུ་གཏོང་བ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་ཐོག་ནས་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ་དང་རུལ་སུངས་འགོག་བཅོས་བྱས་ཏེ་སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་གྱི་ཆོས་ཉིད་དང་མཐུན་པའི་རྩ་འཛུགས་ལམ་ལུགས་དང་། འཁོར་སྐྱོད་བྱེད་སྟངས། ཞིབ་མཆན་འགོད་པའི་གོ་རིམ་བཅས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་སྲུང་སྐྱོང་གཉིས་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ནུས་པ་ཆེ་རུ་གཏོང་བ། བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་བྱ་ཤུགས་ཆེ་རུ་བཏང་སྟེ་རང་བཅུན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འགན་འཁྲི་ཤེས་པ་དང་། འགན་འཁྲི་ཁུར་བ། འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱས་ཐོག་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་གཞི་ཞིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྤྱི་ཁྱབ་ཧྲུའུ་ཅིས་ཆོས་ལུཌ་ལས་དོན་སྐོར་ལ་ནན་བཤད་འདི་ལྟར་གནང་འདུག ཞི་ཅིན་ཕིང་གིས་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ། ཞི་ཅིན་ཕིང་ནས་རྒྱལ་སྤྱིའི་གླེང་སྟེཊ་འདི་ལ་ཤིས་ཚིག་སྒྲོན་གནང་འདུག ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ།