ཉེ་ཆར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་རང་ལྗོངས་སུ་གཅིག་སྡུད་སྒྲོག་འགྲེལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས༼བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་གྱི་ལས་དོན་ཇུས་གཞི༽བཟོས་ནས་བཀྲམ་པ་དང་།༼ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་རྩ་གནད༽དང༼བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་རྩ་གནད༽འཆར་ཟིན་བཀོད་དེ་བཀྲམ་པ།༼ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གཅིག་སྡུད་སྒྲོག་འགྲེལ་གྱི་ཇུས་གཞི༽བཟོས་ནས་བཀྲམ་པ་མ་ཟད། ད་དུང་ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། མཁས་དབང་། ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་བློ་མཐུན། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་བཅས་ཀྱིས་གཙོས་པའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་པར་ཁྱོན་མི ༥༣ ཡོད་པ་དང་། ཟླ ༡༢ ཚེས ༦ ཉིན་ནས་བཟུང་ལྗོངས༼ཀྲུང་དབྱང༽ཐད་གཏོགས་ཚན་པ་དང་། གྲོང་ཁྱེར་དང་ས་ཁུལ ༧ རྫོང་༼ཆུས༽ ༧༤ བཅས་ལ་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་གྱི་ལས་དོན་སྤེལ་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་གསུང་བཤད་གནང་འདུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ། ཝང་ཅུན་ཀྲེང་གིས་མངའ་རིས་ཀྱི་འཐུས་མི་ཚོཌ་པར་ནན་བཤད་འདི་འདྲ་གནང་བ།