གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།

སྤེལ་དུས་: 2022ལོ་01ཟླ་25ཚེས་ 16:08 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡ པོའི་ཚེས ༢༤ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ནས། ༼ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུར་གསན་པ་དང་ཞིབ་འཇུག་གནང་བའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་༽ཞེས་པ་དང་། ༼ཡིག་སྐུར་ངོ་གཏུག་ལས་དོན་སྲོལ་ཡིག་༽ཅེས་པར་གྲོས་ཞིབ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་སྤྱི་ལོ ༢༠༢༡ ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚན་པ་དེ་དག་གི་སྤྱི་ལོ ༢༠༢༢ ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་ཡོད། གྲོས་ཚོགས་ཐོག འདས་ཟིན་པའི་ལོ་ལྔའི་རིང་། ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། སྒོ་ཀུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་བྱས་པ། གཡོ་སྒུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་རྒྱུན་འཁྱོངས་བྱས་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་གནས་བབ་ལ་གཞིགས་ནས་འགན་འཁྲི་གཙང་སྒྲུབ་བྱས་པ། ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་རྒྱུར་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་པ། ཕྱོགས་ཁག་གི་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་པ་བཅས་བྱུང་བའི་ངོས་འཛིན་བྱས་པ་དང་། གྲོས་ཚོགས་ཐོག་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུད་དང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་འོག ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་རང་འགན་གཙང་སྒྲུབ་བྱས་ནས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་ནང་ཁུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཚོགས་པའི་ལས་དོན་དང་ཚོགས་པའི་བསྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག སྤྱི་ལོ ༢༠༢༢ ལོ་ནི་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་རྒྱང་སྐྱོད་བྱེད་པའི་ལོ་གལ་ཆེན་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་གནས་བབ་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོ་ཁོག་ཏུ་བཅངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲ་སྒྲིག་དང་སྐོང་ཚོགས་བྱ་རྒྱུར་གཅིག་སྡུད་ཐོག་ནུས་ཤུགས་འདོན་པ་དང་། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རེ་བྱེད་པའི་ལས་དོན་གྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱེད་པ། རྒྱུན་བསྲིང་ལྷོད་མེད་ངང་དཀའ་སྤྱད་འབད་འཐབ་བྱེད་པ་བཅས་བྱས་ནས་རིགས་ཁག་གི་ལས་དོན་ཏན་ཏན་ཏིག་ཏིག་ངང་བསྒྲུབ་དགོས། སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པའི་འདུ་ཤེས་རྒྱུན་འཁྱོངས་དང་། དོ་ནན་པའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། རྒྱུན་སྲིང་ལྷོད་མེད་སྒོ་ནས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་པ། རུལ་སུངས་གནད་དོན་ལ་སྙིང་རྗེ་སྤུ་ཙམ་མེད་པར་རྩད་གཅོད་དང་ཐག་གཅོད་བྱེད་པ་བཅས་བྱས་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་གཅིག་བསྐྲུན་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྣེ་ཁྲིད་ནས་སྲུང་སྐྱོང་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་དང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་གཞིགས་ནས་རང་ངོས་ཀྱི་འགན་འཁྲིའི་གནས་ཚད་ལ་གཞི་ཚུགས་པ་དང་། གཙོ་གནད་འབུར་ཐོན་དང་དོན་འཁྱོལ་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་བསྒྲུབ་རྒྱུར་སྤྲད་པའི་རིགས་ཁག་གི་ལས་འགན་ལེགས་འགྲུབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་འདུག

གྲོས་ཚོགས་ཐོག ཡིག་སྐུར་ངོ་གཏུག་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་གྲས་ཤིག་དང་། སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད།༼ཡིག་བསྐུར་ངོ་གཏུག་ལས་དོན་སྲོལ་ཡིག་༽ཅེས་པ་གཏན་འབེབས་བྱས་པ་བརྒྱུད། ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ནང་ཡིག་སྐུར་ངོ་གཏུག་ལས་དོན་ལ་འགོ་ཁྲིད་པའི་ཉམས་མྱོང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན་གྱི་ཡིག་སྐུར་ངོ་གཏུག་ལས་དོན་གྱི་ལམ་ལུགས་བསྒྱུར་བཅོས་འབྲས་བུར་ཕྱོགས་བསྡོམས་བྱས་པ་དེས་ཏང་གིས་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡིག་སྐུར་ངོ་གཏུག་ལས་དོན་གྱི་ལམ་སྲོལ་སྒྲིག་གཞིར་མཐུན་སྦྱོར་བྱེད་པ། དུས་རབས་གསར་པའི་ཡིག་སྐུར་ངོ་གཏུག་ལས་དོན་སྔར་བས་ཚད་ལྡན་བཟོ་བ་དང་དེར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་འདུག

གྲོས་ཚོགས་ཐོག དུས་རབས་གསར་པའི་ཡིག་སྐུར་ངོ་གཏུག་ལས་དོན་གྱི་རྩ་དོན་དང་བླང་བྱར་དམ་འཛིན་གྱིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཡིག་སྐུར་ངོ་གཏུག་ལས་དོན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡིག་སྐུར་ངོ་གཏུག་ལས་དོན་གྱི་ལམ་ལུགས་བསྒྱུར་བཅོས་ཀྱི་གྲུབ་འབྲས་བེད་གང་ལེགས་སྤྱོད་དགོས། ཏང་གིས་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་རྒྱག་པ། ཏང་ཨུད་ཀྱིས་གཅིག་གྱུར་ཐོག་འགོ་ཁྲིད་པ་དང་། སྲིད་གཞུང་གིས་དོན་འཁྱོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། ཡིག་སྐུར་ངོ་གཏུག་ཚན་པས་སྐུལ་འདེད་གཏོང་བ། ཕྱོགས་ཁག་གིས་མཉམ་འཛིན་མཉམ་སྡོམ་བྱེད་པའི་ལས་ཀའི་གནས་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། སྲོལ་ཡིག་སློབ་སྦྱོང་གསོ་སྦྱོང་དང་། དྲིལ་བསྒྲགས་སྒྲོག་འགྲེལ། ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ལས་དོན་བསྒྲུབ་དུས་ཁྲིམས་ལ་བརྟེན་དགོས་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ལ་གཞི་བཅོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་དུས་ཁྲིམས་ལ་ཞུ་བ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ཡིག་སྐུར་ངོ་གཏུག་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་དང་ཡིག་སྐུར་ངོ་གཏུག་ཚན་པས་འགན་འཁྲིའི་ལས་འགན་སེམས་ལ་བརྟན་པོ་ངེས་ནས་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་། གནད་དོན་གྱི་སྟོན་ཕྱོགས་ཤུགས་ཆེར་གཏོང་བ། རང་རྟོགས་ངང་འགན་འཁྲི་འཁུར་ཏེ་ལས་ཀའི་འཇོན་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་འདུག

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ཐད་ཞིབ་འཇིུག་བྱས་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་འཛམ་གླིང་གི་དུས་བབ་ལ་དམིཊ་ནས་འདི་སྐད་གསུངས། ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས་འདི་པར་འགྲེམས་བྱས་འདུག ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོཊ་འཚོཊ་པ། ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་ལ་རྟོག་ཞིབ་གནང་།