གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

གསར་དུ་བསྐོས་པའི་འགོ་ཁྲིད་ལས་བྱེད་པར་བླང་བྱ་འདི་དག་བཏོན་གནང་འདུག

སྤེལ་དུས་: 2022ལོ་05ཟླ་05ཚེས་ 12:31 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུས་གནང་བ་བཅས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་དོན་ཆེན་བཞི་ལག་བསྟར་དོན་འཁྱོལ་ལ་དམིགས་ནས་འཛུགས་གཏོད་བཞིའི་འབད་འཐབ་དམིགས་ཚད་བཏོན་ཡོད། འགོ་ཁྲིད་ལས་བྱེད་པ་ཚོས་འགག་རྩའི་ཉུང་ཤས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གདོང་ལེན་པ་བྱེད་པ་དང་མིག་དཔེ་བཏོན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

图片

ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པ་དང་ཕྱག་བཏང་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་གསུངས་དོན།སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱེད་དགོས།རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་བྱས་ཏེ། རང་འཁྲིའི་ལས་ཀ་ཡག་པོ་བྱེད་དགོས།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ། སྲིད་བཀའ་ཤར་བགྲོད་དང་ཁྲིམས་ནོན་ཐེག་པ་ཁུར་འཛིན་བྱེད་དགོས།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས།ཏང་ནན་པོས་སྐྱོང་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱོད་བཟང་སྤྱི་གཞོལ་གྱི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་བཟོ་བོའི་སྤེལ་རེས་ཚོཊ་ཆེན་ལ་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་གིས་ཁོང་ཚོར་འཕྲིན་ལན་སྤྲིངས་གནང་འདུག ཞི་ཅིན་ཕིང་ནས་ཧའེ་ནན་ལ་རྟོག་ཞིབ་གནང་དུས་ནན་སྟོན་འདི་ལྟར་གནང་འདུག དགུན་ཨོ་ཡིས་རང་རྒྱལ་གྱི་ལུས་རྩལ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཡོད།