གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཡོད།

སྤེལ་དུས་: 2022ལོ་04ཟླ་25ཚེས་ 15:52 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡི་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༢༠ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ལས་རེས་ཁང་དང་། འཕྲལ་སྡོམ་བཀོད་འདོམས་ལྟེ་གནས། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཐོ་འགོད་གཞུང་ལས་ཁང་། གེགས་སེལ་འགན་སྲུང་ཁྲུའུ་བཅས་སུ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་ཉེན་ཁའི་ཞིབ་དཔྱད་ཚད་ལེན་དང་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལྟ་འདོམས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཝང་ཅུན་ཀྲེང་གིས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ།

ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ལས་དོན་གྱི་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་བཙུགས་ཚུན། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ལ་མཚམས་མེད་རྒྱུན་སྒྲུབ་བྱེད་དགོས་པར་ངོས་འཛིན་གསལ་པོ་བྱེད་པ། ཉེན་བརྡ་རྒྱུན་གྲོགས་དང་རྒྱུན་དུ་ནས་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཕྲལ་སྡོམ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཆུ་མ་ཤོར་གོང་ནས་ཆུ་རགས་དང་རྐྱེན་མ་བྱུང་གོང་ནས་བཟློག་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་ཡག་པོ་སྲུང་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཁོངས་གཏོགས་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་གཏོང་བ། སྔོན་འགོག་དང་རོགས་སྐྱོབ་ཀྱི་འགན་འཁྲི་སྦྲེལ་མཐུད་ཡག་པོ་བྱེད་པ། རྒྱུན་ལྡན་གྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལས་ཀའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། བདེ་འཇགས་ཀྱི་འགན་འཁྲི་དང་། བདེ་འཇགས་ཀྱི་མ་དངུལ། བདེ་འཇགས་ཀྱི་གསོ་སྦྱོང་། བདེ་འཇགས་ཀྱི་དོ་དམ། འཕྲལ་སྡོམ་གྱི་རོགས་སྐྱོབ་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་དང་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་། ཞིབ་ཚགས་ངང་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྒུལ་རྣམ་གྱི་དོ་སྙོམས་གནས་གནད་ལ་འཁེལ་པོས་བཙལ་ཏེ། སྤུས་ཚད་མཐོ་བ、འི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ལེགས་ལམ་སྐུལ་འདེད་མངོན་འགྱུར་ཡོང་བ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་དང་། དོགས་ཟོན་སྔོན་ལ་བྱེད་པ་དང་དོགས་ཟོན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་མཉམ་དུ་བཅོས་སྒྲིག་གི་ལས་དོན་སྤེལ་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ནས། ཡོངས་བསྒྲགས་ངང་དམར་འདོན་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་ཆགས་པ་བྱས་ཏེ། སྔ་ཙམ་ནས་ཤེས་རྟོགས་དང་ཆུང་ས་ནས་ཐག་གཅོད་ཏན་ཏིག་ཐུབ་པ་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་ལེགས་སུ་གཏོང་བ། ལས་འགན་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་གྱི་འདུ་ཤེས་ཟབ་ཏུ་དང་ཚན་རྩལ་འདེགས་སྐྱོར་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེར་གཏོང་དང་ཆ་འཕྲིན་ཅན་ལ་བརྟེན་ནས་འཐབ་ནུས་འཕེལ་བའི་འདུ་ཤེས་འཛུགས་པ། ཚན་རྩལ་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པ་བྱེད་པ། ཚན་རྩལ་གྱི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། ཞིབ་དཔྱད་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་། བཀོད་འདོམས་བཀོད་གཏོང་། ཉེན་སེལ་རོགས་སྐྱོབ་བཅས་ཀྱི་མ་ལག་ཡག་པོ་འཛུགས་པ་དང་སྤྱོད་པ། ཉེན་ཁའི་དུས་འགོའི་ངོས་འཛིན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་སེལ་རོགས་སྐྱོབ་ཀྱི་བརྡ་ལན་འཇལ་བའི་མྱུར་ཚད་དང་ཐག་གཅོད་ཕན་འབྲས་ཆེ་རུ་གཏོང་དགོས། ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། དེང་རབས་ཅན་གྱི་འཕྲལ་སྡོམ་བཀོད་འདོམས་དང་། ཉེན་ཁ་དོགས་ཟོན། འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས། འཕྲལ་སྡོམ་དངོས་ཟོག་འགན་ལེན། ཚན་རྩལ་གྱི་འདེགས་སྐྱོར། ཤེས་ལྡན་མི་སྣའི་འགན་ལེན། འཕྲལ་སྡོམ་གྱི་དོ་དམ་ཁྲིམས་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ནས། འཕྲལ་སྡོམ་དོ་དམ་གྱི་མ་ལག་དང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་དང་འཕྲལ་སྡོམ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྔོན་ཇུས་གྲ་སྒྲིག་དང་། ལམ་སྲོལ་གྲ་སྒྲིག སྒྲིག་ཆས་གྲ་སྒྲིག་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཉེན་ཁ་འགོག་ཟོན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་འཕྲལ་སྡོམ་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཕྲལ་སྡོམ་དོ་དམ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་བསྟན་ཏེ། འགོ་གཙོ་དང་པོའི་འགན་འཁྲི་ནན་དུ་དང་དམ་དུ་ཏན་ཏིག་བཏང་ནས། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ། ཝང་ཅུན་ཀྲེང་གཞིས་རྩེའི་ས་ཆ་མང་པོར་བརྟག་ཞིབ་གནང་བར་ཕེབས་འདུག ཝང་ཅུན་ཀྲེང་བཀྲས་ལྷུན་དགོན་དང་ས་སྐྱ་དགོན་དུ་བརྟག་ཞིབ་ལ་ཕེབས་འདུག ཁྲོན་བོད་ལྕགས་ལམ་ལམ་རྒྱུད་འཕེལ་རྒྱས་ཆེན་པོ་གཏོང་རྩིས་འདུག