གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

སྤེལ་དུས་: 2022ལོ་07ཟླ་20ཚེས་ 15:49 ཡོང་ཁུངས་: 西藏日报
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༡༩ ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས། ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་སྲ་བརྟན། བོད་སྐྱོར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

图片

ཚོགས་ར།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་།ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། ཕུལ་བྱུང་མི་སྒེར་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད།བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་པ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་མཁན་བློ་མཐུན་དང་བྱམས་བརྩེའི་ངང་ཕྱག་གཏོང་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་བསྟན་དོན།ལོ་གསུམ་རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། བོད་སྐྱོར་ལས་དོན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་ཞིང་ཆེན་དང་། གྲོང་ཁྱེར། ཚན་པ་བཅས་དེ་གའི་སྤྱིའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ནང་བཅུག་སྟེ། སྒྲིག་འཛུགས་ཞིབ་ཚགས་དང་ཚད་མཐོའི་སྐུལ་འདེད་བཏང་ཡོད་ལ།བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་‍དང་ཤེས་ལྡན་པ་ཚོས་བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ནས་བོད་སྐྱོར་སྲིད་ཇུས་གནད་སྨིན་དོན་འཁྱོལ་དང་། བོད་སྐྱོར་ལམ་སྲོལ་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྐྱོར་བྱེད་ཐབས་ཇུས་འགོད།བརྟན་ལྷིང་སྲུང་སྐྱོང་གི་བོད་སྐྱོར་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ། དཔལ་འབྱོར་བོད་སྐྱོར་ཟབ་ཏུ་དང་མཐོ་རུ་གཏོང་བ།དམངས་འཚོའི་བོད་སྐྱོར་ཐད་བརྩེ་སེམས་འཆང་བ། རིག་གནས་བོད་སྐྱོར་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར། རིག་སྟོབས་བོད་སྐྱོར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བཅས་བརྒྱབ་པ་ལས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

图片

ཚོགས་ར།

ཝང་ཅུན་ཀྲེང་གིས་བསྟན་དོན།བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་པ་ཚོས་བོད་འདི་ཉིད་ཕ་ཡུལ་གཉིས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་གཉེན་ཉེར་བརྩིས་ནས། ཁྱིམ་ཚང་ཆུང་ངུ་དོར་ཏེ་ཁྱིམ་ཚང་ཆེན་པོར་ལྟ་རྟོག་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་སྟོན་པ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་སྣེ་ཁྲིད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་མིག་དཔེ་སྟོན་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་གདོང་ལེན་པ་བྱེད་པ། བོད་སྐྱོར་སྙིང་སྟོབས་དར་སྤེལ་གཏོང་བར་མིག་དཔེ་སྟོན་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་། དངོས་སྒྲུབ་ཀྱིས་འགན་འཁྲི་འཁུར་བ། བོད་སྐྱོར་ལས་དོན་ལ་བརྩེ་སེམས་ཟབ་མོ་འཆང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་དཀའ་སྤྱད་ཀྱི་རྔུལ་ཆུ་འདོན་པ་དང་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ས་མཐོར་གཞི་ཚུགས་པ་དང་། བོད་དུ་བྱས་རྗེས་འཇོག་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་། འདུན་པ། གཟུགས་བརྙན་བཟང་པོ་བཅས་མངོན་ཡོད། བློ་མཐུན་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་བློས་གཏོང་བྱས་པ་དང་ལེགས་སྐྱེས་ཕུལ་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནམ་ཡང་བརྗེད་མི་སྲིད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ནི་རང་ལྗོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞབས་འདེགས་ལེགས་པར་ཞུས་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ནུས་པ་འདོན་པར་ཁོར་ཡུག་བཟང་པོ་གཏོད་དགོས།

ཝང་ཅུན་ཀྲེང་གིས་བསྟན་དོན།བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཚོས་སྔར་བཞིན་བོད་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར། བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ལྗོངས་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཛམ་གླིང་ལ་ངོ་སྤྲོད་བྱས་ཏེ།དེ་བས་མཛེས་སྡུག་ལྡན་པའི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་འབྱུང་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཞིང་ལས་རིག་གནས་ཤུལ་བཞག་ཚོཊ་ཆེན་དེར་ཤིས་ཚིག་སྤྲིངས། ཞི་ཅིན་ཕིང་གིས་ཤིན་ཅང་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་ཤིན་ཅང་ཧྲེ་ཧོ་ཙེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཐེ་པེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་བ།