གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་རིག་གནས་ཤུལ་བཞག་ཚོཊ་ཆེན་འདིར་ཤིས་འཕྲིན་སྤྲིངས་པ།

སྤེལ་དུས་: 2023ལོ་04ཟླ་26ཚེས་ 11:58 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༤ ཚེས ༢༥ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་གྱི་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས། ཨ་ཤེ་ཡ་གླིང་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། འདི་གར་ཤིན་ཏུ་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་གནས་པ་དང་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཤེས་དཔལ་གོང་འཕེལ་ལོ་རྒྱུས་ཐོག་ངོམས་སུ་ཆོག་པའི་ལེའུ་ཞིག་བརྩམས་ཡོད། སྤྱི་ལོ ༢༠༡༩ ལོར་ང་རང་ནས་ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག་ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ ༤ ཡི་ནང་ཕྱོགས་ཁག་ནས་ལན་ཆ་ཧུར་ཐག་བྱས་པ་དང་མཉམ་དུ་འབད་བརྩོན་བྱས་ཐོག གནའ་བོའི་ཤེས་དཔལ་གྱི་ཞིབ་འཇུག་དང་། མཉམ་འབྲེལ་གནའ་དཔྱད། གནའ་ཤུལ་ཉམས་གསོ། རྟེན་རྫས་བཤམས་མཛོད་ཁང་གི་སྤེལ་རེས་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ནས། མིའི་རིགས་ཀྱི་ཤེས་དཔལ་གྱི་ཉིང་བཅུད་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་ཨ་ཤེ་ཡའི་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་བཙུགས་པ་ནི་ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ཨ་ཤེ་ཡའི་ཤེས་དཔལ་གྱི་སྤེལ་རེས་ཟབ་ཏུ་གཏོང་བ། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་ར་དར་རྒྱས་བཏང་ནས། མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག ཨ་ཤེ་ཡའི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གླེང་མོལ་མཉམ་ལས་དྲ་རྒྱ་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་ཉེ་པོ་བྱ་རྒྱུར་སྐུལ་འདེད་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཨ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་ཚོགས་ཆེན་ནི་རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་རིག་དངོས་ཅུས། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ནས་མཉམ་དུ་གཙོ་གཉེར་བྱས་པ་དང་། སྤྱི་ཚེས ༢༥ ཉིན་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གི་ཞིང་གསུམ་ཐད་ཀྱི༼ཀློག་དེབ༽འདི་དཔར་འགྲེམས་བྱས། ཞི་ཅིན་ཕིང་གི༼ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད༽སོཊ་དཔར་འགྲེམ་བྱས། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ལོའི་དཔྱིད་དུས་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ།