ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།
བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཚེས ༢༥ ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། བླང་བྱ་ཁ་གསལ་ཡང་བཏོན་གནང་བས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དང་།སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ངང་སྤེལ་བ་དང་། ཁོང་དུ་ཆུད་པ། བློ་ལ་འཇགས་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། སྙིང་སྟོབས། བྱ་སྤྱོད་བཅས་གཅིག་གྱུར་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ་བཅས་ལ་ཤུགས་སྣོན་རྒྱག་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། སེམས་སུ་ཟུག་ཐུབ་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་བ། དད་སེམས་ཀྱི་རྨང་གཞི་བརྟན་གཏོང་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་བཟུང་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བསམ་བློའི་ཐད་བདེ་འཇགས་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བྱེད་པ། རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་པ། འགོག་ཟོན་ནུས་ལྡན་དང་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་ལ་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་བླང་བྱར་གཞིགས་པ། དམིགས་བཀར་གྱི་བྱེད་ཐབས་སྤྱོད་པ། མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྤེལ་ཡུལ་ཆེ་གྲས་ལ་བདེ་འཇགས་འགོག་ཟོན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། རིམ་ཁག་འཕྲལ་སྡོམ་སྡེ་ཚན་གྱིས་བདེ་འཇགས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་ལས་སྒྲུབ་དང་སྡོད་བྱ་བརྟན་སྲུང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ངང་སྟོབས་ཤུགས་བཀོད་སྒྲིག མེ་ཟོན་གསོ་སྦྱོང་དང་ནང་སྦྱོང་བྱེད་པ། མེ་སྐྱོན་སྔོན་འགོག་དང་སྲོག་ཐར་རང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། གཙོ་གནད་མི་ཚོགས་ཀྱི་བདེ་འཇགས་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་ནུས་ལྡན་བཅག་ནས་མི་སྣ་ཤི་རྨས་མི་ཡོང་བ་བྱེད་དགོས།
ཚོགས་འདུར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་བོད་ལྗོངས་འགྲེམས་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པའི་གསེར་གྱི་མིང་བྱང་ལྟ་བུ་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་དེ་ནང་དོན་གསར་པ་ལྡན་པ་དང་། ཁྱད་ཆོས་ལྡན་པ། བཀྲག་མདངས་འཚེར་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཏང་གི་གསུང་སྒྲ་བརྒྱུད་སྤྲོད་ཡག་པོ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ལྗོངས་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ཕྱི་ཕྱོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་བོད་ལྗོངས་ཤེས་རྟོགས་ཐུབ་པ་བྱས་ནས་བོད་འདི་ཉིད་འཛམ་གླིང་གི་ཕྱོགས་སུ་མགྱོགས་མྱུར་སྐྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གི་ཞིང་གསུམ་ཐད་ཀྱི༼ཀློག་དེབ༽འདི་དཔར་འགྲེམས་བྱས། ཞི་ཅིན་ཕིང་གི༼ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད༽སོཊ་དཔར་འགྲེམ་བྱས། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས༼ལྗོངས་སྲིད་འཛིན་སློབ་གླིང༽༢༠༢༣ལོའི་དཔྱིད་དུས་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ།