གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2023ལོ་05ཟླ་16ཚེས་ 11:46 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དཔེ་མཛོད་ཁང་དང་། སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་བོད་ལྗོངས་ལས་སྟེགས། གསར་འགྱུར་ཁྲུའུ། ཕྱི་ཕྱོགས་སྤེལ་རེས་ཁྲུའུ་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་། སྤྱི་ཚོགས་གླེང་ཕྱོགས། ཕྱི་ཕྱོགས་དྲིལ་བསྒྲགས། རིག་དཔལ་དར་བའི་ལས་ཁུངས་འཛུགས་སྐྱོང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་བྱེད་པ་དང་ལས་བཟོར་གཟིགས་ནས་འཚམས་འདྲི་གནང་བ་རེད།

ཝང་ཅུན་ཀྲེང་གིས་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་དང་། སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་གི་རྣམ་པ་གསར་གཏོད་བྱེད་པ། སློབ་སྦྱོང་སློབ་གསོའི་ལས་སྟེགས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ། སྒྲོག་འགྲེལ་དྲིལ་བསྒྲགས་བྱེད་སྒོ་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་འཆད་འགྲེལ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོབ་པ་བྱེད་དགོས།

བཞུགས་མོལ་ཚོགས་འདུ་འཚོག་ཡུལ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རང་ལྗོངས་ཀྱི་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་སྤྱིའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་སྟེ། དྲིལ་བསྒྲགས་ཀྱི་འདུ་ཤེས་གསར་གཏོད་དང་། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད། དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་གཏོད། དྲིལ་བསྒྲགས་ལས་དོན་གྱི་ལམ་སྲོལ་གསར་གཏོད་བཅས་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་ལྟེ་བར་དམིགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་གྱི་ལག་ལེན་དང་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་རྫས་མཁོ་སྤྲོད་དང་། སྤྱི་པའི་རིག་གནས་ཞབས་ཞུ་ཆེར་གཏོང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ལ་ཤུགས་སྣོན་རྒྱག་དགོས། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་ཁོང་དུ་མཐའ་འཁྱོངས་ཆུད་པ་བྱས་ནས་དྲ་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་འཛུགས་དགོས། བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོས་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་རིང་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་གླེང་སྟེགས་དང་བོད་ལྗོངས་དངོས་མང་སྟོན་ཚོགས་སོགས་སྤུས་རྟགས་བྱེད་སྒོ་རྒྱུན་མཐུད་ཡག་པོ་གཉེར་བ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ།བོད་ཀྱི་གཟུགས་བརྙན་བཟང་པོ་མངོན་པ་བཅས་བྱས་ནས། ཕྱི་ཕྱོགས་ཀྱིས་བོད་ལ་དེ་བས་ཤེས་རྟོགས་བྱེད་པ་དང་བོད་འདི་ཉིད་མགྱོགས་མྱུར་འཛམ་གླིང་ཐོག་སྐྱོད་ཐུབ་པར་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གདེང་ཚོད་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས། རྨང་གཞི་བརྟན་འཁྱོངས། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་ཁོང་ཚོར་འཕྲིན་ལན་སྤྲིངས་ཏེ་སྐུལ་ལྕག་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་བ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།