གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་གོའི་ཞིང་པའི་ལོ་ལེཌ་དུས་ཆེན་ལ་རྟེན་འབྲེལ་ཞུས།

སྤེལ་དུས་: 2025ལོ་09ཟླ་23ཚེས་ 15:44 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བརྒྱད་པ་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་འཐབ་ཕྱོགས་ཐོག་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་ད་ལོ་ང་ཚོས་ཐན་སྐྱོན་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་དབྱར་འབྲུའི་ཐོན་འབབ་བརྟན་པོ་དང་སྔ་སྨིན་འབྲས་ཀྱི་ཐོན་འབབ་འཕར་སྣོན་ཡོང་བ་བྱས་པས། འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་རེ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་རྣམ་པའི་དེང་རབས་ཅན་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་སྟོབས་དང་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཞིང་ལས་ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་པ་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དེར་རྒྱབ་སྐྱོར་དང་དེའི་ནང་ ཧུར་ཐག་ཞུགས་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི། ཕྱི་སྦྱོང་སློབ་མ་བཅས་ལ་མཐུན་སྒྲིལ་རྒྱ་ཁྱབ་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། དྲན་གསོའི་བྱེད་སྒོ་འདིའི་ཕྱོགས་བསྡོམས་ཚོགས་འདུ་པེ་ཅིང་དུ་འཚོགས། ཞི་ཅིན་ཕིང་གིས་ཁའེ་ལེ-ཙུའུ་ཐེའར་དང་ཤིས་འཕྲིན་གཏོང་རེས་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།