སྤྱི་ཚེས ༡༨ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་རྒྱ་ཆེའི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས༼རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ༽དུས་དེབ་ཀྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་ལྷོ་ཆུ་བྱང་འདྲེན་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། གསང་གནད་གསང་ཨང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ལྷིང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་སྐོར་གྱི་སྙན་སེང་གསན་པ་རེད།
ཚོགས་ར།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ཐོག་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཐབ་ཕྱོགས་ཀྱི་བློ་མཐུན་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ལ། འཕྲིན་ལན་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་རེ་བ་གསར་པ་དང་བླང་བྱ་གསར་པའང་བཏོན་གནང་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས། རྩོམ་རིག་དང་། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ་བཅས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཁར། རིགས་པའི་གཞུང་ལུགས་ཀྱིས་བསམ་བློའི་གོ་རྟོགས་སྔར་བས་མཐོ་རུ་བཏང་ཁར། ལས་ཀའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྟོབས་ཤུགས་བསྡུ་བསྒྲིལ་བྱས་ནས། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་སྙིང་སྟོབས་འཕེལ་བ་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་ལྷོ་ཆུ་བྱང་འདྲེན་གྱི་ཆེད་དོན་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཡིན་པའི་མཐོ་ཚད་ནས་མཚོ་བོད་ས་མཐོར་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། བྱས་རྗེས་འཇོག་པ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་པ། གཙང་པོ་དང་ཆུ་བོ་ཆེ་གྲས་རྒྱུད་ཀྱི་གྲོང་ཚོའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་ཡག་པོ་བྱེད་པ། དམངས་ཡོངས་ཀྱིས་ཆུ་གྲོན་ཆུང་བྱེད་པའི་དར་སྲོལ་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གསང་གནད་གསང་ཨང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྲུང་སྐྱོང་གཉིས་ཀྱི་མཐོ་ཚད་ཐོག་ནས་འགན་འཁྲི་ཁ་གསལ་དང་། ཁ་ཕྱོགས་སྟངས་འཛིན། སྤྱི་ཡོངས་ལ་ཞབས་ཞུ། ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བཅས་བྱས་ཏེ་གསང་གནད་གསང་ཨང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།
ཚོགས་འདུའི་ཐོག་ཉེ་བའི་དུས་མཚམས་རིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ལྷོད་མེད་བྱས་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མིག་སྔར་འཕྲད་པའི་དུས་བབ་ཀྱི་ལས་འགན་དང་ཉེན་ཁའི་འགྲན་སློང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས“དོན་ཆེན་བཞིར”སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་སྲིད་ཁྲིམས་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་དགོས། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ལ་བརྟེན་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། རང་སར་མི་བཞག་པ་དང་མི་སར་རང་བསྡད་ནས་བསམ་བློ་གཏོང་བ། བརྩེ་སེམས་བཅངས་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་གོང་གཏུག་བྱེད་པ་དེ་ལས་བྱེད་པ་གཤམ་འོག་ཏུ་བསྐྱོད་རྒྱུར་བསྒྱུར་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ནུས་ཤུགས་ཡོད་རྒུས་སེལ་དགོས། རིམས་ནད་ཕྱི་ནས་མི་འགོ་བ་བྱ་རྒྱུ་དེ་མུ་མཐུད་གནས་བབ་ཨང་དང་པོར་འཇོག་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གནད་སྨིན་ངང་ཡག་པོ་སྒྲུབ་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རིམས་ནད་རྒྱལ་མཚམས་ནས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས་གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ། རིམས་ནད་སྔོན་འགོག་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་འདུག