གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྔམ་བརྗིད་ལྡན་པའི་མཛད་སྒོ་ཞིག་འཚོགས་འདུག

སྤེལ་དུས་: 2021ལོ་05ཟླ་24ཚེས་ 16:06 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ ཚེས ༢༣ ཉིན་གྱི་སྔ་དྲོ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་།བོད་ཞི་བས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་རེད།

བྱེད་སྒོ་སྤེལ་ཡུལ

ཆུ་ཚོད་བཅུ་པར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།༼བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས༽གྲགས་པ་དང་འབྲེལ་མཛད་སྒོར་ཞུགས་མཁན་ཚང་མས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པས།རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཐང་ཆེན་གྱི་གང་སར་གྲགས།

图片

བྱེད་སྒོ་སྤེལ་ཡུལ།

རྒྱལ་གླུ་བླངས་རྗེས།  མཛད་སྒོར་ཞུགས་མཁན་ཚང་མ་ཡར་བཞེངས་ནས་བོད་ཞི་བས་བཅིངས་འགྲོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

图片

བྱེད་སྒོ་སྤེལ་ཡུལ།

ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན། ང་ཚོས་གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས།མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན་བྱེད་ཀྱི་ཡིན་ཞེས་བརྗོད་ནས་མྱ་ངན་ཞུས་པ་དང་། མྱ་ངན་ཞུ་མཇུག་འགྲིལ་རྗེས།ལག་ཏུ་མེ་ཏོག་སོས་པ་འཁྱེར་བའི་མི་རིགས་ཁག་གི་ལོ་ཆུང་བྱིས་པས་དྲན་གསོའི་རྡོ་རིང་ལ་ཁ་གཏད་ནས་སྐད་གསང་མཐོན་པོས༼ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན༽ཞེས་པའི་གླུ་གཞས་བླངས་པ་མ་ཟད་གུས་འདུད་ཀྱང་ཞུས་ཡོད།

图片

བྱེད་སྒོ་སྤེལ་ཡུལ།

རུ་སྟར་གྲུ་བཞིའི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཀྱི་སྤྱི་པའི་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་འགྲིག་པོས་བཞག་ཡོད་ཅིང་།མེ་ཏོག་སི་རའི་སྟེང་གི་གོས་དར་ཐོག གསར་བརྗེའི་སྔོན་གཤེགས་དཔའ་བོ་མི་ནུབ་ཡུན་དུ་གནས་ཞེས་བཀོད་ཡོད།

图片

བྱེད་སྒོ་སྤེལ་ཡུལ།

བརྩེ་སེམས་ཟབ་མོ་ལྡན་པའི༼མེ་ཏོག་འབུལ་བའི་རོལ་དབྱངས༽ཁྲོད་གུས་དམག ༡༨ ཀྱིས་མེ་ཏོག་སི་ར་བརྟན་པོའི་ངང་བཀྱགས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་ཕྱོགས་སུ་དལ་གྱིས་བསྐྱོད་དེ།དྲན་གསོའི་རྡོ་རིང་གི་སྟེགས་བུའི་ཐོག་བཞག རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གོམ་སྟབས་དལ་པོའི་ངང་དྲན་གསོའི་རྡོ་རིང་གི་སྟེགས་བུར་འཛེགས་གནང་སྟེ།མེ་ཏོག་སི་རའི་སྟེང་གི་གོས་དར་གྲལ་འགྲིག་པོ་བཟོས་གནང་བ་དང་ཆབས་ཅིག་དེར་ཞིབ་པར་གཟིགས།རབ་ཏུ་བཞད་པའི་མེ་ཏོག་དག་ལས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་དང་བླ་ན་མེད་པའི་གུས་སེམས་བཅངས་པ་མཚོན་གྱི་ཡོད།

图片

བྱེད་སྒོ་སྤེལ་ཡུལ།

དེ་རྗེས།ལོ་ཆུང་བྱིས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རིམ་པ་བཞིན་དྲན་གསོའི་རྡོ་རིང་གི་མདུན་དུ་བསྐྱོད་དེ། མེ་ཏོག་སོས་པ་ཕུལ་བ་དང་འབྲེལ་གུས་སེམས་ཆེན་པོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ། ད་ཆའི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བ་མྱོང་རོལ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་དད་སེམས་དང་ཆོད་སེམས་མཚོན་པར་བྱས་ཡོད།

图片

བྱེད་སྒོ་སྤེལ་ཡུལ།

རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་སའི་རྟེན་གཞི། ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་མཛད་སྒོར་ཞུགས་པ་རེད།

图片

བྱེད་སྒོ་སྤེལ་ཡུལ།

ལྗོངས༼ཀྲུང་དབྱང༽ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོའི་འཐུས་མི་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། སློབ་གྲྭའི་དགེ་སློབ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ། གྲྭ་བཙུན་དང་མང་ཚོགས་ཀྱི་འཐུས་མི་བཅས་མི་གྲངས ༡༠༠༠ ལྷག་ཙམ་མཛད་སྒོར་ཞུགས་པ་རེད།

图片

བྱེད་སྒོ་སྤེལ་ཡུལ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། གྲོང་ཚོའི་ལས་བྱེད་པར་མང་ཚོཌ་དེ་བས་མང་བའི་ཁས་ལེན་ཐོབ་པ་བྱེད་དགོས། རིམས་འགོག་སོགས་ཀྱི་ལས་དོན་མང་པོར་བཀོད་སྒྲིག་གསར་པ་གནང་འདུག