གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཧྥུའུ་ཀྲེ་སོཌ་བོད་ལ་ཕེབས་འདུག

སྤེལ་དུས་: 2021ལོ་05ཟླ་31ཚེས་ 11:15 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་ལ་ཕེབས་པའི་སློབ་གསོ་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཀྱི་སྤྱི་ཁྱབ་སློབ་གྲྭར་ལྟ་ཞིབ་བྱེད་མཁན་བཅས་ཡིན་པའི་ཀྲའོ་ཧྥུའུ་ཀྲེ་བཅས་པ་དང་བཞུགས་མོལ་གནང་བ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས་གསུངས་དོན། སློབ་གསོ་པུས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་དང་། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་རྩེར་སོན་འཛུགས་སྐྱོང་ལ་སྐུལ་འདེད། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྔར་བས་རྒྱ་སྐྱེད་བཅས་གཏོང་བ་དང་། ཏང་ཀྲུང་དབྱང་གིས་བོད་ལ་བཏོན་པའི་འཐབ་ཇུས་ཀྱི་ངེས་གནས་དང་། བོད་ཀྱི་གཏིང་ཤུགས་ཐོན་ལས། ཤེས་ལྡན་མི་སྣའི་དགོས་མཁོ་སོགས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། རང་ལྗོངས་ཀྱིས་སློབ་གསོའི་བྱ་གཞག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་སློབ་གསོའི་འཕེལ་རྒྱས་འཆར་གཞི་བཟོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་མཐའ་འཁྱོངས་དང་། བོད་སྐྱོར་གྱི་གོ་སྐབས་དམ་འཛིན་ཡག་པོ། བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་ཀྱིས་བྱ་སྤྱོད་དངོས་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་དང་། སློབ་གསོ་པུའུ་ཚུད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ། རྒྱལ་ཡོངས་མི་དམངས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན།

图片

ཚོགས་ར།

ཀྲའོ་ཧྥུའུ་ཀྲེས་གསུངས་དོན། སློབ་གསོ་པུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་གྱིས་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་འབྲེལ་མཐུད་གནད་སྨིན་དང་། རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ཀྱི་སློབ་གསོའི་བྱ་གཞག་གི་ཞན་ཆ་གསབ་པ་དང་སྤུས་ཚད་མཐོར་གཏོང་ལ་སྔར་བས་རོགས་རམ་བྱེད་པ། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་བྱེད་པ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྔམ་བརྗིད་ལྡན་པའི་མཛད་སྒོ་ཞིག་འཚོགས་འདུག གྲོང་ཚོའི་ལས་བྱེད་པར་མང་ཚོཌ་དེ་བས་མང་བའི་ཁས་ལེན་ཐོབ་པ་བྱེད་དགོས།