གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྫོང་ཨུད་ཀྱི་ཧྲུའུ་ཅི་གསར་པར་ནན་བཤད་འདི་འདྲ་གནང་འདུག

སྤེལ་དུས་: 2021ལོ་06ཟླ་03ཚེས་ 16:26 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསར་དུ་བསྐོས་པའི་རྫོང་༼ཆུས༽ཨུད་ཀྱི་ཧྲུའུ་ཅི་ཁག་གཅིག་དང་བཞུགས་མོལ་གནང་ཞིང་། ཁོང་གིས་གསར་དུ་བསྐོས་པའི་རྫོང་༼ཆུས༽ཨུད་ཀྱི་ཧྲུའུ་ཅིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཕུལ་བྱུང་རྫོང་ཨུད་ཀྱི་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་ཡོད་པ་བཞི་དང་མི་སྣ་བཞིའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སློབ་སྦྱོང་གཏིང་ཟབ། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་བྱེད་པ་བཟང་པོ། ཡིན་མིན་ཆེན་པོ་དབྱེ་འབྱེད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་བ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བྱ་སྤྱོད་ཧ་ཅང་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་སེམས་ལྷག་བསམ་རྣམ་དག་ཡིན་པའི་ལས་བྱེད་པ་བཟང་པོ་ཞིག་བཅས་བྱས་ཏེ། ལས་དོན་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་བྱེད་པའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་ཞུ་ལུགས་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས། སེམས་ལ་ཏང་ཡོད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྔ་ཕྱི་བར་གསུམ་དུ་ཏང་ལ་ལྷག་བསམ་ཟོལ་མེད་དང་དད་སེམས་བརྟན་གཏོང་གིས་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་དགོས། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དམ་འཛིན་ཏན་ཏིག་བྱས་ནས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས། མི་དམངས་སེམས་ལ་འཆང་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྔ་ཕྱི་བར་གསུམ་དུ་མི་དམངས་ལ་བརྟེན་པ་དང་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབས་ཏེ། མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་འཆང་བ་དང་། སེམས་ལ་མི་སེར་འཇོག་པ། མི་སེར་གྱི་དཔོན་པོ་བྱེད་པ། དཀའ་གནད་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་སྒོ་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་ཏན་ཏིག་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས། འགན་འཁྲི་འཁུར་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྔ་ཕྱི་བར་གསུམ་དུ་འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་གཙང་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་ལམ་སྣེ་ཁྲིད་མཁན་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བཅས་ལ་དམ་པོར་དམིགས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཁྲོད་ཀྱི་རྫོང་༼ཆུས༽གི་གནས་བབ་ཏན་ཏིག་བཙལ་ཏེ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལས་དོན་གྱི་བསམ་ཕྱོགས་ཁ་གསལ་བཟོས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་འཁུར་ལེན་ལས་སྒྲུབ་བྱས་ནས། སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་བ་དང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་མང་ཙམ་སྤྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཧ་ཅང་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཕན་མེད་ཀྱི་ཤུགས་རྐྱེན་མེད་པར་བཟོ་བ་བཅས་བྱས་ཏེ། དད་ལྡན་མང་ཚོགས་ལ་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཆོས་ལུགས་ཐད་འགྲོ་སོང་ཉུང་དུ་གཏོང་བ་བཅས་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་དགོས། མཐའ་མཚམས་སྲ་བརྟན་འགན་ལེན་བྱེད་པར་འཁུར་ལེན་ལས་སྒྲུབ་བྱས་ནས་མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་དང་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ཏང་འཛུགས་སྐྱོང་ཐད་འཁུར་ལེན་ལས་སྒྲུབ་ཡོང་བར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས། དོགས་ཟོན་ནན་པོ་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྔ་ཕྱི་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་དང་ཀུན་སྤྱོད་བཟང་པོ་ཡོང་བ་བྱས་ཏེ་ཚན་ཁག་གི་འགོ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས། རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུས་ནས་རང་ཉིད་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ལས་དོན་སྒྲུབ་པའི་གོམས་གཤིས་འཇགས་པར་བྱས་ཏེ། རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་ཡོང་བ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། སྤྱོད་གཙང་གི་སྒྲིག་ཁྲིམས་དང་། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་དོན་གྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཡག་པོ་སྲུང་བ། མི་བདེན་པ་བདེན་ཐུབ་དང་ལས་ཀ་དྲང་པོ་དྲང་གཞག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཧྥུའུ་ཀྲེ་སོཌ་བོད་ལ་ཕེབས་འདུག ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྔམ་བརྗིད་ལྡན་པའི་མཛད་སྒོ་ཞིག་འཚོགས་འདུག