གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ཁོང་རྣམ་པར་མཇལ་འཕྲད་གནང་འདུག

སྤེལ་དུས་: 2021ལོ་12ཟླ་22ཚེས་ 16:45 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༢ ཚེས ༢༡ ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། དཔེ་སྟོན་གྲོང་ཁྱེར་དང་རྫོང་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར།དཔེ་སྟོན་གྲོང་ཁྱེར་དང་རྫོང་བཅས་ཀྱི་འཐུས་མིར་ཕྱག་བཏང་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་བ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལས་དོན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཝང་ཅུན་ཀྲེང་གིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་བཞིན་ཡོད། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ་དང་། འཛུགས་གཏོད་བཞིར་སྐུལ་འདེད་གཏོང་རྒྱུར་དམིགས་པ། མདུན་གྲལ་དུ་སླེབས་པ་བཞི་ཧུར་ཐག་བྱེད་པ། དཔེ་སྟོན་དང་།ཁྲིད་སྟོན།སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་ཡང་འབད་བསྐྱར་འབད་བཅས་བྱས་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད།ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

图片

ཝང་ཅུན་ཀྲེང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། དཔེ་སྟོན་གྲོང་ཁྱེར་དང་རྫོང་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

ཝང་ཅུན་ཀྲེང་གིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་ཐེངས་མང་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས།འགན་འཁྲི་འཁུར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ་བཅས་བྱས་ཏེ།ཆབ་སྲིད་དེ་བས་བདེ་འཇགས་དང་། སྤྱི་ཚོགས་དེ་བས་བརྟན་ལྷིང་། མི་དམངས་དེ་བས་ཞི་འཇགས་བཅས་ཡོང་བའི་འགན་ལེན་བྱས་ནས།དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

图片

ཝང་ཅུན་ཀྲེང་གིས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། དཔེ་སྟོན་གྲོང་ཁྱེར་དང་རྫོང་བཅས་ཀྱི་འཐུས་མི་དང་ལྷན་བཞུགས་འདྲ་པར་བསྐྱོན་པ།

དེའང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ནུས་སེམས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་བཏང་སྟེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས།མི་དམངས་བློ་ཡིད་ཚིམ་པའི་དུས་བདེའི་བོད་ལྗོངས་ཧུར་ཐག་བསྐྲུན་དགོས།གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པར་སྟངས་འཛིན་ཡང་དག་བྱེད་པ་དང་། ཉེན་བརྡ་ཡུན་རིང་སྒྲོག་པ་དང་རྒྱུན་དུ་དོགས་ཟོན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་དགོས།ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ། ཝང་ཅུན་ཀྲེང་གིས་ཁུལ་འདིར་ལས་དོན་འདི་འདྲ་སྤེལ་དགོས་པ་གསུངས། ཁྲོན་བོད་ལྕཌ་ལམ་བོད་ཀྱི་དུམ་བུའི་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་བ།