གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་སུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2021ལོ་12ཟླ་29ཚེས་ 16:56 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༢༧ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ལས་ཁུངས་ཀྱི་ཏང་ཡོན་བྱེད་སྒོ་ཁང་དང་། ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁྲུའུ་དང་པོ། ལས་བྱེད་པའི་ཡིག་ཚགས་གྲངས་འཛིན་ཅན་དང་རིག་ནུས་ཡིག་ཚགས་ཁང་སོགས་སྡེ་ཚན་དུ་ཝང་ཅུན་ཀྲེང་གིས་བོད་ཀྱི་རྩ་འཛུགས་ལས་དོན་གྱི་གྲངས་འཛིན་ཅན་གྱི་འགྲེམས་ཁང་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་དང་ཡིག་ཚགས་རིག་ནུས་མཛོད་ཁང་། དྲ་ཐོག་ཡིག་ཚགས་ལྟ་བཤེར། ཡིག་ཚགས་ལེགས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་འབྲེལ།ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་མཁན་ལས་བྱེད་ལས་བཟོ་ཚོར་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་དོན་སྙན་ཞུ་གསན་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྩ་འཛུགས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་ཀྱིས་གནད་དོན་ཕྱོགས་སྟོན་དུ་བཟུང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་། བསླབ་བྱ་བསྡུ་ལེན། གྲུབ་འབྲས་བརྟན་གཏོང་། ཆུ་ཚད་མཐོར་གཏོང་། ཞན་ཆ་སེལ་བ་བཅས་བྱས་ཏེ།རྩ་འཛུགས་ཀྱི་མི་དོན་ལས་ཀ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་དཔེ་བཟང་ལས་ཁུངས་སྣེ་ཁྲིད་དེ་བྱེད་དགོས།

图片

ཝང་ཅུན་ཀྲེང་གིས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཛུགས་གཏོད་བཞིར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མདུན་གྲལ་དུ་སླེབས་པ་བཞིའི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱ་རྒྱུར་དམ་པོར་དམིགས་ཏེ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། དེའང་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མཐུན་པ་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་སྐྲུན་དགོས།

图片

ཚོགས་ར།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་ཐུང་ལུན་དང་བརྙན་མཐོང་ཐོག་ནས་ཐུག་འཕྲད་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་སྒྲིག་ཨུད་ལྟ་ཨུད་ལས་ཁུངས་ལ་བརྟག་ཞིབ་གནང་བ། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་བོད་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས།