ཚེས ༢༩ ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལ་གཞིགས་ནས། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་གོང་དུ་བཀུར་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་འབད་འབུངས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཏང་གི་དར་རྒུད་ཆགས་འཇིག་དང་། ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ། ཏང་གི་སྲིད་སྐྱོང་ལས་འགན་མངོན་འགྱུར་བཅས་དང་འབྲེལ་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྤྱོད་ཚུལ་འཛུགས་སྐྱོང་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་བཅུག་སྟེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐབས་ལམ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་། དེ་བཞིན་བོད་དུ་གཟིགས་ཞིབ་གནང་སྐབས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཚོགས་ར།
ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཤིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་བདེ་རྩ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་བཅས་དང་འབྲེལ་བ་ཡོད། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི། མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་ལག་ལེན་གྱི་རྣམ་བཤད་མཐའ་འཁྱོངས་བྱས་ཏེ། ཤེས་སྦྱོར་གཅིག་མཐུན་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་རྩ་བའི་བླང་བྱ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་བཅས་ཡིན་པས། རང་རྟོགས་ངང་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཐུབ་པ་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ར།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདུ་ཤེས་གསར་བརྗེས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་དང་། ཏང་གི་དམིགས་ཡུལ་ལག་བསྟར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། སྟོན་ཕྱོགས་ཁ་གསལ་བཟོས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། གོང་དཔེ་འོག་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།
ཚོགས་ར།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཡུན་རིང་བྱེད་པ་མཐའ་འཁྱོངས་བཅས་བྱས་ཏེ། དོན་འཁྱོལ་དེ་བས་ནུས་ལྡན་དང་དེ་བས་ཕན་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས། གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་དམ་འཛིན་གྱི་བྱེད་ཐབས་དང་ཉམས་མྱོང་ཡག་པོ་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། གཞི་ཁྱོན་ཆེན་པོ་དང་རྣམ་པ་ཟབ་མོ་གཏོད་དགོས།
ཚོགས་ར།