གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཁོང་གིས་བདེ་འཇཌ་ཐོན་སྐྱེད་དང་རིམས་ནད་འགོག་ཟོན་ཐད་ལ་ནན་བཤད་གནང་བ།

སྤེལ་དུས་: 2022ལོ་11ཟླ་30ཚེས་ 19:08 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༡ ཚེས ༢༨ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ༼རྒྱ་ཆེ༽གཙོ་སྐྱོང་གནང་ནས། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཡོངས་དང་གྲོང་ཁྱེར་ས་ཁུལ་ཁག་གི་བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་གྱི་སྙན་ཞུ་གསན་པ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བཅས་གནང་བ་རེད།

ཚོགས་ར།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།  བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་ལས། ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་སྲིད་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་གནང་བ་གང་ལེགས་མངོན་པ་དེས་ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེར་བརྟེན་བསམ་བློའི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གལ་འགངས་ཧ་ཅང་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་རྩ་བ་ནས་སེལ་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ལྟ་འདོམས་དང་ཁྲིམས་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཞན་ཆ་སེལ་བར་ཤུགས་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་།བློ་བརྟན་འགྱུར་མེད་ངང་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་སྤྱིའི་ཐབས་ཇུས་མཐའ་འཁྱོངས།བློ་བརྟན་འགྱུར་མེད་ངང་སྐབས་བསྟུན་གཙང་བཟོའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དང་ལེགས་སུ་གཏོང་ཐབས་ཉི་ཤུ་གཡོ་འགུལ་མི་གཏོང་བ་དང་བཟོ་ལྟ་མི་འགྱུར་བ། ཁྲིམས་ལྟར་དང་། གནད་སྨིན། ཚན་རིག་དང་མཐུན་པ། ནན་པོ། ཕན་འབྲས་ཆེ་བ་བཅས་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་རང་འགུལ་ངང་དམ་འཛིན་ཧུར་ཐག་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ཏེ། ལས་སླ་པོར་བྱུང་བ་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཁག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྒྲུབ་དགོས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་བཏང་ནས། སྤྱོད་གོ་ཆོད་པའི་བྱ་ཐབས་བཟང་པོ་དངོས་སྒྲུབ་མཁོ་ཆོད་ཀྱི་ལམ་ལུགས་དང་ལམ་སྲོལ་དུ་འགྱུར་བར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ལ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ། ཝང་ཅུན་ཀྲེང་གིས་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་། ཝང་ཅུན་ཀྲེང་གིས་ལས་ཐོན་བསྐྱར་ཚུཊ་ལ་བརྟག་ཞིབ་དང་ནན་བཤད་གནང་བ། ལྷ་སའི་ལྷོ་རི་དང་བྱང་རི་འདི་ལྟར་བྱས་ནས་སྔོ་ལྗང་ཅན་དུ་སྒྱུར་དགོས།