ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག་ཅེས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག་ཅེས་པར་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༦ ཚེས ༢༩ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག་ཅེས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག་ཅེས་པར་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་དང་གོང་འཕེལ་གྱི་འགག་རྩ་ཡིན་ཞིང་། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཡང་འབྲེལ་བ་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག་ཅེས་པ་གཏན་འབེབས་བྱེད་དོན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་ལྟོས་མེད་བྱེད་པའི་འགན་ལེན་ཏན་ཏིག་སྒྲུབ་པ། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་རྒྱུར་འགན་ལེན་བྱེད་པ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་བཞིན་བཅས་ནམ་ཡང་མི་ཉམས་པར་འགན་ལེན་བྱེད་པ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ། མི་དམངས་དམག་དཔུང་དེ་འཛམ་གླིང་ཐོག་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག ཏང་གིས་དམག་དཔུང་ལ་འགོ་ཁྲིད་ལྟོས་མེད་བྱ་རྒྱུ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་མུ་མཐུད་ཟབ་ཏུ་བཏང་ནས། ལྷག་བསམ་རྣམ་དག་དང་། དྭངས་གཙང་ལྷད་མེད། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་བ་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་འཐབ་གྲ་སྒྲིག་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ནུས་ཀྱི་རྩ་བའི་ཚད་གཞི་ཉག་ཅིག་དེ་མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་ལེན་མཐར་ཕྱིན་བསྟར་ཐོག ཏང་གི་ཆབ་སྲིད་བཟང་ཆ་དང་རྩ་འཛུགས་བཟང་ཆ་དེ་རྒྱལ་ཁ་ལེན་པའི་ཁྱད་འཕགས་བཟང་ཆར་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ནས། རྒྱུན་ཆད་མེད་པར་རང་ངོས་རྣམ་དག་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་གོང་འཕེལ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག་ཅེས་པ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། ཧྲུའུ་ཅིའི་དཔུང་ཁག་དང་ཚན་པའི་ཁོངས་མི་མངོན་གསལ་དོད་པོ་ཡོང་བ་དང་། སློབ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས། འགོ་ཁྲིད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག་ཅེས་པ་ལག་བསྟར་ནུས་ལྡན་དང་དོན་འཁྱོལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ནང་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཚད་ལྡན་དང་འཐུས་ཚང་བཟོ་བ་བཅས་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཁར། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག་ཅེས་པ་གཏན་འབེབས་དང་ལག་བསྟར་བྱས་པ་ནི། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་བ། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་ཞིབ་ཕྲ་ཡིན་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གིའདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་སྟོབས་ཆེན་ཞིག་ཏུ་འཛུགས་སྐྱོང་བྱེད་པ། ཏང་གིས་ཡུན་རིང་སྲིད་སྐྱོང་བྱེད་པའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག འདེམས་བསྐོའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་འདེམས་བསྐོའི་སྤུས་ཚད་མཐོ་རུ་གཏོང་བ། ཏང་གི་སྒྲིག་ཡིག་ནང་གསལ་བའི་ཏང་ཡོན་གྱི་དབང་ཆར་འགན་སྲུང་བྱེད་པ། ཏང་གི་འདུ་ཤེས་དང་ཆབ་སྲིད་འདུ་ཤེས། སྒྲིག་ལམ་འདུ་ཤེས་བཅས་ཤུགས་ཆེར་གཏོང་དགོས། འཐུས་མིའི་ཐོབ་ཐང་ཆ་རྐྱེན་ནན་དུ་བཏང་ནས་ཚད་དང་ལོན་པའི་འཐུས་མི་འདེམས་རྒྱུར་འགན་སྲུང་བྱེད་དགོས། འཐུས་མིའི་མི་གྲངས་བགོ་བཤའ་ལུགས་མཐུན་རྒྱག་པ་དང་། འཐུས་མིའི་གྲུབ་གཞི་ལེགས་སྒྲིག་བྱས་ཏེ་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་འཐུས་མིའི་བསྡུར་གྲངས་ལ་འགན་སྲུང་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་འཇོག མཉམ་སྡེབ་གྲུབ་གཞི་ལུགས་མཐུན་བཅས་ཀྱི་རྩ་དོན་ལྟར། ཨུ་ཡོན་གྱི་འོས་འདེམས་མི་སྣ་མིང་འདོན་བྱེད་དགོས། སློབ་གསོ་སྔོན་འཇོག་དང་། ཉེན་བརྡ་སྔོན་འཇོག་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། སྐབས་བརྗེའི་སྒྲིག་ལམ་བཅས་ནན་དུ་བཏང་སྟེ་འདེམས་བསྐོ་ཉིད་སྤྱོད་གཙང་གཞུང་དྲང་ཞིག་ཏུ་འགྱུར་རྒྱུར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག རིམ་ཁག་ཏང་ཨུད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག་ཅེས་པ་ལག་བསྟར་བྱེད་པར་རྩ་འཛུགས་ཀྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ། ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། བརྒྱུད་རིམ་ཧྲིལ་པོར་དམ་འཛིན་བྱེད་པ་བཅས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་ཡོན་དང་འཐུས་མིས་དམངས་གཙོའི་དབང་ཆ་ཡང་དག་སྒོ་ནས་བེད་སྤྱོད་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་འདེམས་བསྐོའི་ལས་དོན་བརྟན་ལ་གོ་རིམ་དང་ལྡན་པ་ཞིག་ཡོང་བ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་ཡོན་རྐང་འཛིན་པའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཚད་ལྡན་ཅན་ལ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ལྟ་སྐུལ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག་ཅེས་པའི་རིགས་ཁག་གི་གཏན་འབེབས་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་སྲུང་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་གལ་ཆེའི་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོཌ་འདུའི་དམིགས་བསལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ། ཞི་ཅིན་ཕིང་གིས་དུག་འགོག་ཐད་མཛུབ་སྟོན་གལ་ཆེན་གནང་བ།