ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་པར་མུ་མཐུད་དེ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཏང་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་ཟམ་མི་ཆད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རིམ་ཁག་ཏང་ཨུད་༼ཏང་ཙུའུ༽དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད་པ་རེད།
ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་ཐོག ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།
དོ་ནན་པའི་རྩ་འཛུགས་མ་ལག་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་བཟང་ཆ་དང་སྟོབས་ཤུགས་གནས་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་མའི་སྤྱི་ལེ་གཅིག་དེ་ཡིན་པས། ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག་དང་ཏང་གི་ལས་དོན་སྲོལ་ཡིག་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དེ་ཉིད་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། འགན་འཁུར་བ། ལས་ཆོད་ཆེ་བ་བཅས་ཀྱི་དཔེ་བཟང་ལས་ཁུངས་ཤིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཀྲང་དབྱི་ལིས། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཤིག་ཡིན་པའི་ངོས་ནས། ཏང་གིས་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བརྟན་པོ་བྱེད་པ་དང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཤུགས་ཆེར་ཏན་ཏིག་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ནས། ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་གཏོད་དགོས་ཞེས་གསུངས་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མ་ཞའོ་ལན་ལ་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུའི་ཐད་ནན་སྟོན་གནང་བ་མ་ཟད། ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། སྒྲིག་ཁྲིམས་སྲུང་བ། འགན་འཁྲི་འཁུར་བ། ལས་ཆོད་ཆེ་བ་ཞེས་པའི་རྒྱ་ཡིག་ཡིག་འབྲུ ༡༢ ཀྱི་བླང་བྱ་ཐོག་མར་བཏོན་པས། ང་ཚོའི་དཔེ་བཟང་ལས་ཁུངས་གསར་འཛུགས་བྱེད་པའི་ལས་ཀའི་ཁ་ཕྱོགས་སྔར་བས་ཁ་གསལ་དང་། བླང་བྱ་སྔར་བས་ཞིབ་ཕྲར་གྱུར་ཡོད་ལ། འགན་འཁྲིའང་དེ་བས་ལྕི་རུ་ཕྱིན་པ་སྨོས་མི་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དམ་འཛིན་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མའི་སྤྱི་ལེ་གཅིག་དེ་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།
གཞི་རིམ་ཏང་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་མཐའ་མའི་སྤྱི་ལེ་གཅིག་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་མི་འདང་ས་སྣ་ཚོགས་དུས་ཚོད་དམ་འཛིན་གྱིས་གསབ་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཏང་གི་འགོ་ཁྲིད་མངོན་འགྱུར་ཡོང་བ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད། སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་སྐྱིད་སྡེ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའུ་པིན་གྱིས། ང་ཚོས་ངེས་པར་དུ་མི་རིགས་ས་ཁུལ་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་གཙོ་གནད་ལ་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཐེན་ཤིན་ཁུལ་མུའུ་ཡུན་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཁྲུན་ཧུའེ་ཡིས། ང་ཚོས་ཀྲི་པུའུ་ཡི་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་དར་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། གཞི་རིམ་གྱི་ཏང་ཚོ་ཆུང་རེ་རེའི་ནུས་པ་བེད་སྤྱོད་གང་ལེགས་བྱས་ནས། གྲོང་གསེབ་ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། མིག་དཔེ་བཟང་པོ་སྟོན་ཕོད་པ། སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ་བཅས་བྱས་ནས། གྲོང་ཚོ་རིམ་པའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་ཞེས་གསུངས་ཡོད།
དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་སྔོན་འགྲོར་བརྩི་བ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཞེས་བཏོན་ཡོད། དེ་ཡང་ལས་བྱེད་པ་འདེམ་སྒྲུག་དང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་སྐབས་ཀུན་སྤྱོད་ལ་མཐོང་ཆེན་བྱ་དགོས་ལ། ཡོན་ཏན་དང་འཇོན་ཐང་ལའང་སྣང་ཆུང་བྱེད་མི་རུང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ཏེ། བསམ་བློར་སྦྱོང་བརྡར་དང་། ཆབ་སྲིད་ལ་སྦྱོང་བརྡར། ལག་ལེན་ཐད་སྦྱོང་བརྡར། ཆེད་ལས་ལ་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ལ་བརྟེན་ནས། རྒྱ་ཆེའི་ལས་བྱེད་པས་ལམ་ལུགས་ལྟར་འགན་འཁྲི་སྒྲུབ་པ་དང་། དབང་ཆ་བེད་སྤྱོད་བྱེད་པ། ལས་དོན་སྒྲུབ་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་ལི་དབྱང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་མའོ་ཅན་གོ་ཡིས། ང་ཚོས་མུ་མཐུད་ཚན་རིག་དང་མཐུན་པའི་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ་དང་། རུལ་སུངས་ལ་ཉེས་ཆད་དྲག་པོ་གཅོད་དགོས་ལ་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་མཁན་ལ་སྐུལ་མ་གཏོང་བའི་ཐད་ཤུགས་རྒྱག་དགོས། གྲུབ་འབྲས་དངོས་ལ་བརྟེན་པ་དང་། འགན་འཁུར་ཕོད་པར་བརྟེན་པ། ནུས་པར་བརྟེན་པ། གྲུབ་གཞིར་བལྟ་བ་བཅས་ཏེ། གསུམ་ལ་བརྟེན་པ་དང་གཅིག་ལ་བལྟ་བའི་ལས་བྱེད་པ་བཀོལ་སྤྱོད་བྱས་ཏེ། འགན་འཁུར་ཕོད་པ་དང་། བྱས་རྗེས་འཇོག་ཕོད་པ། གསར་གཏོད་གཙིགས་སུ་འཛིན་པ་བཅས་ཀྱི་ལས་བྱེད་པར་རྒྱབ་རྟེན་དེ་བས་བརྟན་པོ་ཞིག་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་ཤིན་ཏུའུ་ཁུལ་ཧྲེང་ལི་སྡེ་ཁུལ་གྱི་ཧྲུའུ་ཅི་ཝང་ཡུས་ཀྱིས། ང་ཚོས་ངེས་པར་དུ་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དུས་མཚུངས་སུ་དར་རྒྱས་གོང་འཕེལ་གྱི་ལག་ལེན་རླབས་པོ་ཆེའི་ནང་དུ་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་དགོས་ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཁྲང་ཁྲུན་རང་བྱུང་བཟོ་ལས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཀོང་གིས། ང་ཚོས་ཏང་གི་རྩ་འཛུགས་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ། ཏང་གིས་མཐོ་རིམ་སློབ་གྲྭར་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུ། མི་དམངས་བློ་ཡིད་ཚིམ་པའི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་རྒྱུ་བཅས་ཀྱི་ཆེད་དུ། སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་གལ་ཆེན་ཞིག་འཚོཊ་པ། ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་གལ་ཆེའི་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོཌ་འདུའི་དམིགས་བསལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ།