སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གཅིག་གོང་ཧྥུ་ཅན་ཞིང་ཆེན་ཧྲའུ་ཉིང་རྫོང་ཞ་ཏང་ཤང་གི་ཡུལ་མི་ཚོར་འཕྲིན་ལན་སྤྲིངས་གནང་ནས། ཁོང་ཚོ་དབུལ་གྲོལ་ཐུབ་པར་རྟེན་འབྲེལ་ཞུས་གནང་བ་དང་། ཁོང་ཚོས་ཆུ་ཐིགས་ཀྱིས་ཕ་བོང་འབིགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་སྟེང་ཡག་པོ་བསྐྱོད་རྒྱུའི་སྐུལ་མ་གནང་ཡོད། ལོ་གཅིག་སོང་རིང་། ཡུལ་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་། དབུལ་གྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། ཧྥུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ལམ་བུའི་སྟེང་བསྐྱོད་པ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཧྥུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཧྲའུ་ཉིང་རྫོང་ཞ་ཏང་ཤང་དེ་ཉིད་ཧྥུ་ཅན་ཤར་རྒྱུད་ཀྱི་རི་ཁུག་ཏུ་གནས་ཤིང་། དེ་སྔོན་ཞིང་ཆེན་ཧྲིལ་པོའི་གཞུང་ལམ་མེད་པ་དང་། རང་འབབ་ཆུ་ཀ་ལས་མེད་པ། གློག་སྒྲོན་མེད་པ། ནོར་སྲིད་ཡོང་འབབ་མེད་པ། སྲིད་གཞུང་གི་གཞུང་ལས་སྒྲུབ་ཡུལ་མེད་པ་བཅས་མེད་པ་ལྔའི་དམིགས་བསལ་དབུལ་ཕོངས་ཤང་ཉག་གཅིག་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུ་ཅན་དུ་ཕྱག་ལས་གནང་རིང་། ཞ་ཏང་ཤང་དུ་ཟབ་ཞུགས་གནང་ནས་དབུལ་སྐྱོར་ལས་དོན་ཐད་ཞིབ་འཇུག་དང་མཛུབ་སྟོན་གནང་ཡོད།
སྤྱི་ལོ ༢༠༡༩ ལོའི་ཟླ ༨ པའི་ཚེས ༤ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞ་ཏང་ཤང་གི་ཡུལ་མི་ཚོར་འཕྲིན་ལན་སྤྲིངས་ནས། ཁོང་ཚོ་དབུལ་གྲོལ་ཐུབ་པར་རྟེན་འབྲེལ་ཞུས་གནང་བ་དང་། ཁོང་ཚོས་ཆུ་ཐིགས་ཀྱིས་ཕ་བོང་འབིགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་སྟེང་ཡག་པོ་བསྐྱོད་རྒྱུར་སྐུལ་མ་མཛད་ཡོད། ལོ་གཅིག་སོང་རིང་། ཞ་ཏང་ཤང་གི་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་ནས། དབུལ་གྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་བཏང་བ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཧྥུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་ངང་བསྐྱོད་ཡོད།
ཞ་ཏང་ཤང་ཞ་ཏང་གྲོང་ཚོའི་གྲོང་མི་ཝང་མིང་ཤིའུ་ནི་ལོ་ངོ་ ༢༠ ཡི་གོང་ནས་ཡུལ་གཞན་དུ་ལས་ཀར་བསྐྱོད་ཀྱི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས། ཁོང་ཕ་ཡུལ་དུ་ལོག་ཐེངས་ཧ་ཅང་ཉུང་ཉུང་ཡིན་པ་རེད།
སྤྱི་ལོ ༢༠༡༣ ལོར། ཝང་མིང་ཤིའུ་ཡང་བསྐྱར་ཕ་ཡུལ་དུ་ལོག་ནས། དེ་གའི་འགྱུར་ལྡོག་མཐོང་དུས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱ་རྒྱུའི་འདུན་པ་སྐྱེས།
ཞ་ཏང་ཤང་ཏང་ཨུད་སྲིད་གཞུང་གི་རོགས་རམ་འོག ཝང་མིང་ཤིའུ་དང་ཝང་རུང་སོགས་གཞོན་ནུ་ཁ་ཤས་ཀྱིས། ཇ་ལོ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པར་ལོ་དང་པོ་ཁོ་ནར་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ ༢༩ དེའི་ནང་བཅུག་ཡོད། ལོ་གཉིས་པར། གྲོང་ཚོར་ཧྲིལ་པོའི་ཇ་ཤིང་འདེབས་འཛུགས་བྱེད་མཁན་ཁྱིམ་ཚང་ལྷག་མ ༥༠ ཚང་མ་མཉམ་ལས་ཁང་ནང་བཅུག་པ་དང་། ཇ་ཞིང་གི་འདེབས་འཛུགས་གཞི་ཁྱོན་ཡང་མུའུ ༦༠༠ ཟིན་ཡོད། འོན་ཀྱང་ཝང་རུང་དང་ཁོང་གི་ལས་རོགས་ཚོས་ཞ་ཏང་རི་ཁུག་ནས་ཇ་ལོ་ལེགས་པོ་ཐོན་ནའང་རིན་གོང་མཐོ་པོ་རག་གི་མེད་པ་ཤེས་རྟོགས་ཐུབ་ཡོད།
སྤྱི་ལོ ༢༠༡༥ ལོར། ཞ་ཏང་གྲོང་ཚོས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཀུང་སི་གདན་དྲངས་ཏེ། ཀུང་སིའི་སྟེང་མཉམ་ལས་ཁང་དང་ཞིང་ཁྱིམ་སྣོན་ཐབས་བཏོན་པ་བརྒྱུད། རྒྱལ་ཡོངས་ཀྱི་དབུལ་སྐྱོར་དམིགས་བཙུགས་ཇ་ཞིང་དང་པོ་དེ་བཏོད་པ་སྟེ། ཁེ་ལས་སམ་ཁེ་ལས་མཁས་པ་ཚོས་མུའུ་རེར་རིན་གོང་སྒོར་ཁྲི ༢ བྱས་ནས། ཞ་ཏང་ཤང་དང་ཉོ་སྒྲུབ་གན་རྒྱ་བཞག་ཡོད། གན་རྒྱའི་དུས་ཡུན་ནང་། ཇ་ཞིང་གི་རང་བདག་དབང་ཆ་སྔར་བཞིན་ཞིང་པ་ཚོར་དབང་བ་དང་། ཇ་ཞིང་ནས་ཐོན་སྐྱེད་བྱས་པའི་ཇ་ལོ་ཉོ་སྒྲུབ་བྱེད་མཁན་ཚོར་དབང་ཞིང་། ཉོ་སྒྲུབ་བྱེད་མཁན་ཚོས་དུས་ངེས་མེད་ལ་ཇ་ཞིང་ནང་བཙུགས་པའི་བརྙན་མཐོང་དྲ་མིག་བརྒྱུད། ཇ་ལོ་འདེབས་འཛུགས་དང་ཐོན་སྐྱེད་ཀྱི་ལས་རིམ་ཧྲིལ་པོར་བལྟ་ཐུབ་ཀྱི་ཡོད།
ལོ་འགའི་རིང་། ཇ་ལོ་འདེབས་འཛུགས་བྱེད་མཁན་ཞིང་པ་ཚོར་ཐོག་མའི་ཡོང་འབབ་སྒོར ༢༠༠༠ ལྷག་ནས་སྒོར ༦༠༠༠ ལྷག་བར་འཕར་བ་དང་། གྲོང་ཚོའི་ནོར་སྲིད་ཡོང་འབབ་སྒོར་ཁྲི ༡༠ ལྷག་འཕར་བ། མཉམ་ལས་ཁང་ནང་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ ༣༡ ཚང་མ་དབུལ་གྲོལ་ཐུབ་ཡོད། དབུལ་སྐྱོར་དམིགས་བཙུགས་ཇ་ཞིང་མ་དཔེ་ཤང་ཧྲིལ་པོར་ཁྱབ་གདལ་བཏང་བ་དང་བསྟུན། ཞ་ཏང་ཤང་དུ་སྤྱི་ལོ ༢༠༡༨ ལོར། ཤང་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ ༡༡༧ གྱི་མི ༥༠༨ ཚང་མ་དབུལ་གྲོལ་ཐུབ་ཡོད།
ཞ་ཏང་ཤང་ཚན་རྩལ་ལས་དོན་ཐད་ཀྱི་ཤང་ཀྲང་གཞོན་པ་ལིན་ཀྲེ་ཁུན་གྱིས། དབུལ་གྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཇ་ལོ་འདེབས་འཛུགས་དང་ཚོང་གཉེར་ཁ་ཐོར་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ད་ལོ་ཤང་ནང་གྲོང་ཚོ ༡༠ ཡི་མཉམ་ལས་ཁང་ཟླ་སྒྲིལ་བཏང་བ་དང་། ཞིང་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པས། ཇའི་ཐོན་ལས་ལ་གཅིག་གྱུར་ཐོག་ཐོན་སྐྱེད་དང་། དོ་དམ། ལྟ་སྐུལ། ཉོ་སྒྲུབ། ལས་སྣོན་ཕྱིར་འཚོང་བཅས་མངོན་གྱུར་བྱུང་ཞིང་། དམིགས་བཙུགས་ཇ་ཞིང་གིས་ཤང་ཧྲིལ་པོར་ཕན་པ་སྔར་བས་ལྷག་པ་སྐྲུན་བཞིན་ཡོད་ཅེས་གསུངས་པ་རེད།
དེང་དུས་ཀྱི་དོ་དམ་བྱེད་ཐབས་སུ་རིམ་སྤོར་བྱས་པས། ཐོན་རྫས་ཀྱི་རིན་གོང་དང་འགྲན་རྩོད་ནུས་པ་གོང་མཐོར་ཕྱིན་པ་དང་། མཉམ་ལས་ཁང་གིས་ད་དུང་ཇ་ལོ་འདེབས་འཛུགས་བྱེད་མཁན་ཞིང་པ་ཚོར་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ ༢༠ ཡིས་མཐོ་བའི་རིན་གོང་འཕར་མའི་ཁ་གསབ་སྤྲོད་པ་མ་ཟད། ཀུང་སིའི་ལོ་མཇུག་གི་ཁེ་སྤོགས་བགོ་འགྲེམས་སོགས་ཀྱི་ནང་དུའང་ཞུགས་ཆོག་གི་ཡོད།
ན་ནིང་ལོ་མཇུག་ཏུ། ཞ་ཏང་ཤང་གི་ཡུལ་སྐོར་དོ་དམ་ལས་གཉེར་གྱི་འགན་ཁུར་མཁན་ས་གནས་དེ་གའི་ཁེ་ལས་ཀྱིས། ཁེ་ལས་མཉམ་ལས་ཁང་གི་ཀུང་སིའི་ཐོག་མཉམ་ལས་ཁང་དང་ཞིང་པ་སྣོན་པའི་མ་དཔེ་དེ་ཉིད་ཡུལ་སྐོར་ཐོན་ལས་ཐད་བེད་སྤྱོད་བྱ་རྒྱུའི་ཚོད་ལྟ་བྱས་པས། ཤང་ཧྲིལ་པོའི་ཡུལ་སྐོར་ཞབས་ཞུའི་འབྲེལ་ཡོད་རྣམ་གྲངས་ཕྱོགས་བསྡུས་ཐོག་གསར་སྤེལ་དང་། ལས་གཉེར། ཁྱབ་གདལ་བཅས་ཐུབ་ཡོད།
མིག་སྔའི་བར་སླེབས་སྐབས། ཞ་ཏང་ཤང་དུ་ཁྱིམ་ཚང་མགྲོན་ཁང་དང་། ཟ་ཁང་། རིག་གནས་བཟོ་རྩལ་དངོས་རྫས་ཁང་སོགས ༢༠ ལྷག་མཉམ་ལས་ཁང་ནང་ཞུགས་ཟིན་ཡོད། སྤྱི་ལོ ༢༠༡༩ ལོར། ཞ་ཏང་གསར་བརྗེའི་ཡུལ་སྐོར་གྱིས་གྲོང་མི་ཚོར་ཐད་ཀའི་ཡོང་འབབ་སྒོར་ཁྲི ༩༠༠ ལྷག་རག་པ་དང་། ཤང་ཧྲིལ་པོའི་ཞིང་པའི་ལོ་རེའི་ཆ་སྙོམས་ཡོང་འབབ་གཙང་མ་ཡང་སྤྱི་ལོ ༡༩༨༨ ལོའི་སྒོར ༡༨༦ ནས་སྤྱི་ལོ ༢༠༡༩ ལོའི་སྒོར ༡༤༧༧༧ བར་འཕར་ཏེ། འཕར་ཚད་ལྡབ ༧༠ ལྷག་ཟིན་ཞིང་། ཡུལ་མི་ཚོའི་བདེ་སྐྱིད་ཚོར་སྣང་དང་ཐོབ་ཚོར་སྔར་བས་ཆེ་རུ་སོང་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་གལ་ཆེན་ཞིག་འཚོཊ་པ།