གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་འབྲུབ་འགོག་ཉེན་སེལ་བློ་མཐུན་ཚོར་འཚམས་འདྲི་གནང་།

སྤེལ་དུས་: 2020ལོ་08ཟླ་24ཚེས་ 10:27 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

       ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོའི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

ཉེ་ཆར། ཨན་ཧུའེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ཧྲེ་པ་ལན་ཝེ་འབྱུང་ཁམས་འདམ་རའི་ཆུ་ལོག་གསོག་ཁུལ་གྱི་ཁྲའོ་ཧུའུ་མཚེའུའི་ཆུ་རགས་ཆེན་མོའི་ལུའོ་ཅ་ཐོན་དུམ་མཚམས་སུ་ཕེབས་ནས། ཁྲའོ་ཧུའུ་མཚེའུའི་ཆུ་ཁ་རྒྱས་ཚུལ་ལ་གཟིགས་པ་དང་། འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོའི་མི་སྣ་དང་སྔོན་ཐོན་དཔེ་མཚོན་འཐུས་མི། འབྲུབ་འགོག་ཉེན་སེལ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོགས་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་རེད།

http://cnvod.cnr.cn/audio2017/ondemand/wcmrelease/national/20200820/37e205f2-f7af-4c88-a16f-fef5af1bd764/47b5223c-de74-4c87-8e8a-cda529440f33.jpeg

ཞི་ཅིན་ཕིང་གིས། དེ་རིང་ཆེད་མངག་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ངས་རྒྱལ་ཡོངས་ཀྱི་འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཚོར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོགས་དཔོན་དམག་བཅས་ནས་ཏང་དང་སྲིད་གཞུང་གི་བླང་བྱ་ལྟར། དཀའ་ངལ་ལ་མི་སྐྲག་པ་དང་ངལ་དུབ་ལ་མི་འཛེམས་པ། དམག་འཐབ་བསྟུད་མར་བྱེད་ཕོད་པ། རང་སྲོག་བློས་གཏོང་བྱེད་ཕོད་པ་བཅས་ཀྱི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དེའི་ཐོག་ནས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཀུན་སེམས་གཅིག་སྒྲིལ་གང་ལེགས་མཚོན་ཡོད་ལ། ང་ཚོའི་མི་རིགས་ཀྱི་སོ་སྲུང་རོགས་རེས་དང་ཆུ་ལོག་ལ་བརྩེ་བ་མེད་རུང་མི་ཡུལ་དུ་བརྩེ་སེམས་ཀྱི་ཕྱུག་པའང་གང་ལེགས་མཚོན་ཡོད། ཁྱེད་ཚོས་འཐབ་རྩོད་དང་འབད་འཐབ། རྒྱུན་འཁྱོངས། འབད་བརྩོན་བཅས་བྱས་པ་བརྒྱུད། ང་ཚོས་འབྲུབ་འགོག་ཞོད་འགོག་དང་གནོད་སེལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་རྒྱུན་ཆད་མེད་པར་ལེན་དགོས་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧོ་ཧྥེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་གྲོས་ཚོཊ་གལ་ཆེན་འདི་འཚོགས་པར་ཕྱག་ཡིག་བསྐུར་གནང་བ། ༼ བདེན་འཚོལ ༽ དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཞི་ཅིན་ཕིང་ནས་གྲོན་ཆུང་བསྲི་ཚགས་ཐད་མཛུབ་སྟོན་གལ་ཆེན་གནང་།