གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དཔྱད་རྩོམ་དཔེ་ཚོཌ༽པོད་དང་པོ་ནས་ལྔ་པ་བར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས་: 2020ལོ་12ཟླ་23ཚེས་ 16:18 ཡོང་ཁུངས་: ཤིན་ཧྭ་གསར་འགྱུར་ཁང་།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དཔྱད་རྩོམ་དཔེ་ཚོགས༽ཀྱི་པོད་དང་པོ་ནས་ལྔ་པ་བར་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་དབྱང་གིས་སྤྲད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་རྩོམ་སྒྲིག་དཔེ་སྐྲུན་བྱ་རྒྱུའི་ཆབ་སྲིད་ལས་འགན་གལ་ཆེན་ལེགས་སྒྲུབ་ཧུར་ཐག་བྱས་པ་དང་ཆབས་ཅིག་དྲིལ་བསྒྲགས་ངོ་སྤྲོད་ཀྱི་རྩོམ་ཡིག་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་བརྩམས་པ་མ་ཟད༼མི་དམངས་ཉིན་རེའི་ཚགས་པར༽དང་༼བདེན་འཚོལ༽དུས་དེབ་ཐོག་བཀོད་ཡོད། རྩོམ་ཡིག་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམ་པོར་དམིགས་ཏེ། ལོ་རྒྱུས་དང་དོན་དངོས་དང་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཟུར་ཚད་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྙིང་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་འཆད་འགྲེལ་བྱས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་རོགས་རམ་བྱ་ཆེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་ཡིག་དེ་དག་ཁག་བགོས་ཕྱོགས་སྒྲིག་བྱས་ནས་དཔེ་སྐྲུན་བྱས་ཡོད།

དེབ་དེའི་པོད་དང་པོ་ནས་ལྔ་པ་བར་ཁྱོན་རྩོམ་ཡིག ༣༣ དང་ཡིག་འབྲུ་ཁྲི ༣༠ ཙམ་ཡོད། དེབ་འདི་ཕྱོགས་སྒྲིག་བྱེད་སྐབས་རྩོམ་ཡིག་ཁག་གཅིག་གི་ཡིག་འབྲུ་འགའ་ཤས་ལ་དགོས་ངེས་ཀྱི་དག་བཅོས་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ། དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས། གོ་ལའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་ལས་རིཊ་རྩལ་ནུས་འགྲན་བསྡུར་ལ་རྟེན་འབྲེལ་ཞུས་གནང་བ། ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ།