གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས་: 2021ལོ་01ཟླ་25ཚེས་ 15:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་ནང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་གལ་ཆེའི་གྲུབ་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པ་རྒྱས་བཤད་གཏིང་ཟབ་གནང་ཡོད། ཚོགས་ཞུགས་འཐུས་མིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་འདེད་གཏོང་རྒྱུ་དང་། ཤུགས་ཆེ་བའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་གནས་བབ་ཆེན་པོར་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མ་གཞི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ནའང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ཏང་གིས་སྲིད་སྐྱོང་བར་ཉེན་ཁ་ཆེ་ཤོས་ཡིན་པའི་རུལ་སུངས་དེ་སྔར་བཞིན་གནས་ཡོད་དེ། ལྷག་མ་རྣམས་རྦད་དེ་གཙང་སེལ་ཐུབ་མེད་པའི་ཁར་མང་དུ་འགྲོ་བཞིན་ཡོད་པ་ང་ཚོས་རིག་པ་དྭངས་གསལ་སྒོ་ནས་མཐོང་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཅང་སུའུ་ཞིང་ཆེན་གྱི་སྒྲིག་ཨུད་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ཝང་ཁྲང་སུང་གིས་འགོ་ཁྲིད་ལས་བྱེད་པས་ལྐོག་ཏུ་ཀུང་སི་གཉེར་ནས་ཁྲིམས་འགལ་གྱི་ཁེ་ཕན་སྒྲུབ་པའི་གནད་དོན་དམིགས་བསལ་དུ་བཏོན་ཡོད། ཁོང་གིས། ལྐོག་ཏུ་ཀུང་སི་གཉེར་བ་ཞེས་པ་ནི་དོན་དངོས་ཐོག་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་དགའ་ཉེ་བློ་དཀར་གྱིས་མ་འཇོག་བྱེད་པའམ་ཡང་ན་ཚོད་འཛིན་བྱེད་པའི་ཀུང་སིར་བརྗོད་པ་དང་། དབང་ཆར་བརྟེན་ནས་ཁེ་ཕན་སྒྲུབ་ཀྱི་ཡོད་ཅིང་། ལྐོག་གྱུར་རང་བཞིན་ཆེན་པོ་ལྡན་ཡོད། ལྐོག་ཏུ་གཉེར་བའི་ཀུང་སི་བཅོས་སྐྱོང་བྱེད་པར་ང་ཚོས་རྩ་ལག་མཉམ་བཅོས་བྱེད་དགོས་པ་མ་ཟད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་གཅིག་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་དང་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡོང་བར་དམ་འཛིན་བྱ་དགོས་པ་དང་། སློབ་གསོ་སྨན་བཅོས་དང་། རྒན་གསོ་འགན་བཅོལ། དབུལ་སྐྱོར་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྲོལ་ངན་རྒྱུན་མཐུད་ངང་ཡོ་བསྲང་བཅོས་སྒྲིག་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་ལྟོས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ནས་གཞུང་དྲང་དྲང་བདེན་ཚོར་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད། ཡུན་ནན་ཞིང་ཆེན་གྱི་སྒྲིག་ཨུད་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥེང་ཀྲེ་ལིར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་གལ་ཏེ་ལྟ་སྐུལ་མེད་ན་ལག་བསྟར་ཡག་པོ་མི་བྱེད་པ་དང་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བའི་སྣང་ཚུལ་ཐོན་སྲིད་པ་དང་། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་མི་ཐུབ་པ་ཡང་ཡོང་སྲིད། ང་ཚོས་རྒྱུན་མཐུད་ཡོ་བསྲང་བཅོས་སྒྲིག་བྱེད་པ་དང་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་སྟེ། ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་དང་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡོང་བ་བྱ་དགོས་ཞེས་བསྟན་ཡོད།

ཧུའུ་པེ་ནི་དེ་སྔོན་རིམས་འགོག་ཀྱི་འཐབ་ས་གཙོ་བོ་ཡིན་པ་དང་། ཀྲུང་དབྱང་གི་ཧུའུ་པེར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པས་ཧུའུ་པེའི་རིམས་འགོག་རྗེས་ཀྱི་དར་རྒྱས་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ནུས་པ་གལ་ཆེན་ཐོན་ཡོད། ཧུའུ་པེ་ཞིང་ཆེན་གྱི་སྒྲིག་ཨུད་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ལི་ཧྲན་གྱིས། གཙོ་གནད་ཐོག་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་སྲིད་ཇུས་ལ་ཕན་འབྲས་སྔ་ཙམ་ཐོན་པ་དང་ཕན་པ་སྔ་ཙམ་ཐོབ་པ་བྱ་དགོས། ཏང་ཀྲུང་དབྱང་གིས་ཧུའུ་པེར་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་བས་ཧུའུ་པེར་བསྐྱར་དུ་གོང་འཕེལ་ཡོང་བའི་གོ་སྐབས་གལ་ཆེན་ཐོབ་ཡོད། ང་ཚོས་ངེས་པར་དུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་གང་མགྱོགས་སླར་གསོ་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ངན་པ་དང་དེའི་འགེབས་སྲུང་པར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་དེ་དག་གིས་མང་ཚོགས་ལ་སླར་ཡང་གནོད་འཚེ་གཏོང་དུ་གཏན་ནས་འཇུག་མི་རུང་ཞེས་གསུངས་གནང་ཡོད། སྤྱི་བདེ་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་སུན་ཤིན་ཡང་གིས། གོམ་སྟབས་རྗེས་མར་ནག་སེལ་གཤེད་བཅོམ་ལས་དོན་གྱིས་རྒྱུན་འཁྱོངས་གསུམ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རེད་ཅེས་དང་། ཁོང་གིས། ནག་སེལ་གཤེད་བཅོམ་དང་འགེབས་སྲུང་པ་གཏོར་ཕམ་གཏོང་རྒྱུ་གལ་ཆེ་མཉམ་ལ་འཛིན་རྒྱུ་རྒྱུན་འཁྱོངས་དང་། འགན་འཁྲི་རྩད་གཅོད་ནན་པོ་དང་རྒྱབ་རྩར་ལངས་མཁན་དུས་གཅིག་ཏུ་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས། དམག་འཐབ་རྗེས་ཀྱི་བསྐྱར་འཛུགས་དང་རྨང་གཞི་བརྟན་གཏོང་བར་འབྲེལ་མཐུད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། གནད་དོན་གཅིག་ཞིབ་བཤེར་ཐག་གཅོད་བྱས་ནས་དེའི་ཁུལ་ལ་ཉེན་བརྡའི་ནུས་པ་ཐོན་པ་དང་། ས་ཁོངས་དེ་བཅོས་སྐྱོང་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནམ་ཡང་ལམ་དུ་ཡོད། རུལ་རྒོལ་འཐབ་རྩོད་ནམ་ཡང་ལམ་དུ་ཡོད། རང་རེའི་ཏང་འདི་ཉིད་ལོ་བརྒྱ་འཁོར་བའི་ཏང་ཆེན་པོ་ཞིག་ཡིན་པའི་ངོས་ནས། ནམ་ཡང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལྡན་པ་དང་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པ་བྱེད་པར་ངེས་པར་དུ་དུས་དང་རྣམ་པ་ཀུན་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱི་སྒྲིག་ཨུད་ཧྲུའུ་ཅི། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཆི་ཧྥན་གྱིས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས། ངེས་པར་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཤུགས་ཆེར་གཏོང་དགོས་ཞེས་བསྟན་པ་དང་། ཁོང་གིས། ཆབ་སྲིད་ཐད་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱིས་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ཁྲོད་ཐོན་པའི་འགན་སེམས་དང་འགན་འཁྲིར་བལྟ་བ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་པའི་བྱ་སྤྱོད་དང་ཕན་འབྲས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་སྐུལ་འདེད་དང་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་དགོས་ཞེས་བསྟན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཐུང་ལུན་དང་ཞལ་པར་ཐོག་ནས་གླེང་མོལ་གནང་བ། ཞི་ཅིན་ཕིང་ནས་འགྲན་ཚོཊ་འདིའི་གྲབས་གཉེར་ཐད་རྟོག་ཞིབ་གནང་འདུག ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གི་བཀའ་རྒྱ་ལྟར་དམག་ཡོངས་ཀྱིས་དམག་སྦྱོང་བྱེད་འགོ་བརྩམས།