གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་དགའ་འཛོམས་གནང་བ།

སྤེལ་དུས་: 2021ལོ་02ཟླ་02ཚེས་ 12:03 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ། ཝང་དབྱང་དང་ཧན་ཀྲེང་མཉམ་དུ་ཞུགས་པ།

 

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་གཅིག་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་དགའ་འཛོམས་གནང་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཉམ་དུ་ཞུགས་གནང་ཡོད།

ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་སྐུལ་འདེད་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཁྲེན་ཕིང་ཡོན་དང་ཡེ་ཞའོ་ཀང་སོགས་གདན་ཞུས་ལྟར་ཕེབས་ཡོད། གདན་ཞུས་ལྟར་ཕེབས་མཁན་གྲས་སུ་ད་དུང་འགོ་ཁྲིད་ལས་གནས་ནས་རྒན་ཡོལ་ཞུས་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི། ཀྲུའུ་ཞི་གཞོན་པ་དང་པོ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

ཝན་ཨེ་ཞང་གིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་གནང་ཡོད། ཁོང་གིས། སྤྱི་ལོ ༢༠༢༠ ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པ་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་བར་མི་དམངས་བློ་ཡིད་ཚིམ་པ་དང་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པའི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད། ལོ་གསར་པའི་ནང་། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། གསར་གཏོད་ཡར་བརྩོན་བྱེད་པ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསལ་སྟོན་བྱས་པའི་ཁ་ཕྱོགས་ལྟར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད།

ཝན་ཨེ་ཞང་གི་ཤིས་ཚིག་གསན་གྲུབ་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྤྱི་ལོ ༢༠༢༠ ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་ལས་འགན་དང་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་སེམས་ནུས་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་པ། སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུར་གཅིག་གྱུར་འཆར་འགོད་བྱས་པ། བརྟན་པོ་དྲུག་གི་ལས་དོན་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕར་ཚད་དེ་སྔོན་ལ་ཆག་པ་ནས་འཕར་བར་དངོས་འཕར་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱུང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྒྲིལ་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དམངས་སེམས་གཅིག་མཐུན་དང་ཞུམ་མེད་འབད་འཐབ་བྱས་པའི་འབྲས་བུའང་རེད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ལོ་གཅིག་གི་རིང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་འབོད་སྐུལ་ལ་ལན་ཆ་ཞུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་གཞིགས་ནས་རང་འགན་ཡག་པོ་བསྒྲུབས་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱར་འཚམ་པ་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་གྲུབ་འབྲས་གསར་པ་ཐོབ་ཡོད། རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་དུས་སྐབས་སུ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་གཅིག་མཐུན་དང་། ལངས་ཕྱོགས་གཅིག་མཚུངས། ལས་དོན་མཉམ་སྒྲུབ་བཅས་བྱས་པ་དང་། དཀའ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་སྒྲིལ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འཐབ་ཇུས་འདོན་སྤེལ་བྱས་པ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་བཀོད་ཇུས་དང་དམངས་གཙོའི་བཀོད་ཇུས་འདོན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཚང་མས་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྲིད་ཞུགས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྣམ་པ་གསར་པ་མངོན་པར་བྱས་ཡོད། ཚང་མས་རིམས་ནད་ཀྱི་ངན་རྐྱེན་ཁྱད་དུ་བསད་ནས། ཐབས་ལམ་སྣ་ཚོགས་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོ་ལྟ་སྐུལ་གཏིང་ཟབ་སྤེལ་ཏེ། ཁ་གཏད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཡོང་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། སྤྱི་ལོ ༢༠༢༡ ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་ལེན་བསྟར་འགོ་ཚུགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྒྱང་སྐྱོད་གསར་པའི་ལོ་དང་པོ་ཡིན་པ་དང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་རེད། ཚང་མས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ལྷན་དུ་མཐུན་སྒྲིལ་འབད་འཐབ་དང་དཀའ་སྡུག་མཉམ་མྱོང་བྱས་པའི་འོད་སྟོང་འཕྲོ་བའི་ལོ་ཟླར་སྒོ་ཀུན་ནས་ཕྱོགས་སྡོམ་དང་དེ་མངོན་པར་བྱེད་པ། རྒྱ་ཆེའི་ཁོངས་མི་རྣམས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་གྱི་དུས་མཚམས་གསར་པར་དམ་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་སྐྱོང་བཅས་ལ་གཞིགས་ནས། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། སྔར་ན་མེད་པའི་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་དུས་རབས་གསར་པའི་ཏང་མང་མཉམ་ལས་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག རྒྱ་ཆེའི་ཁོངས་མི་རྣམས་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ཀྱིས་ཀྲུང་གོ་གུན་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན། བརྩེ་དུང་གི་ངོས་འཛིན་བཅས་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བསམ་སྤྱོད་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གིས་ཏང་མང་མཉམ་ལས་བྱ་གཞག་ཐད་བཏོན་བའི་བཀོད་ཇུས་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལས་དོན་ལ་ཞིབ་འཇུག་དང་འཆར་འགོད་བྱེད་པའི་ཆབ་སྲིད་ཀྱི་གནས་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་གནས་ཚད། དུས་རབས་ཀྱི་གནས་ཚད་བཅས་མཐོ་རུ་གཏོང་བ། ལས་ཀའི་འཇོན་ནུས་ཆེ་རུ་གཏོང་བ། འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་པ། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རོགས་པ་ཡག་པོ། ལས་གྲོགས་ཡག་པོ་བཅས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མྱོང་བརྒྱུད་པ་དང་། ལག་ལེན་པ། སྲུང་སྐྱོང་པ་བཅས་བྱ་དགོས་པ། ཏང་དང་སྲིད་གཞུང་ལ་རམས་འདེགས་བྱས་ཏེ་ཐུན་མོང་ངོས་འཛིན་གཅིག་བསྡུས་དང་། འགལ་ཟླ་སེལ་བ། བསམ་འཆར་གོང་འབུལ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་སྔར་བས་ལེགས་པ་གཏོང་ཆེད་སྟོབས་ཤུགས་གཅིག་བསྡུས་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་འབྱུང་འགྱུར་ལོ་ལྔ་དང་ལོ་བཅོ་ལྔའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་བརྗིད་ཆེའི་འཆར་འགོད་བྱས་ཡོད། ཚང་མས་མཁས་མང་མཉམ་འཛོམས་དང་བློ་རིག་གཅིག་འདུས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཐབ་ཇུས་རང་བཞིན་དང་སྤྱི་ཁོག་རང་བཞིན་ལྡན་པའི་ཞིབ་འཇུག་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་ཆེད་དངོས་གཉེར་དང་སྤྱོད་མཁོ་ཆེ་བའི་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་དེ་བས་མང་བ་འདོན་རྒྱུའི་རེ་བ་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་དམངས་གཙོ་ལྟ་སྐུལ་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་དཔྱད་གཞིར་འཛིན་པ་དང་། ཆེད་དོན་དམངས་གཙོ་ལྟ་སྐུལ་གྱི་ལས་དོན་གསར་པ་ཇུས་འགོད་དང་བཀོད་སྒྲིག་ཡག་པོ་བྱ་དགོས་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་ཏེ་རང་འགན་ཡག་པོ་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཕྱིའི་ཤེས་ལྡན་པའི་ཆེད་ལས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གུང་ཀྲུང་དབྱང་གིས་ད་ལོ་ཏང་ཡོངས་སུ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་ནས། ཏང་ཡོངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཐོག་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་རྒྱུའི་སྐུལ་མ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་འབད་འཐབ་ཀྱི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱེད་པ་དང་། གཟི་བརྗིད་ཆེ་བའི་སྲོལ་རྒྱུན་དར་སྤེལ་གཏོང་བ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས། ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་རབ་དང་རིམ་པ་མུ་མཐུད་ལག་ལེན་བསྟར་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་བའི་ཁྲོད་རང་འགན་སྔར་ལས་ལྷག་པ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

ཏིང་ཞུའེ་ཞང་དང་། ཡིའུ་ཆོན། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཞི་ཅིན་ཕིང་གིས་ལིན་ཀྲེང་ཡུའེ་ཨེ་ཡི་འགན་བསྒྲུབས་སྙན་ཞུ་གསན་པ། ཞི་ཅིན་ཕིང་ཏ་ཝོ་སིའི་གྲོས་རིམ་གྱི་གླེང་མོལ་ཚོཊ་འདུར་ཞུཊ་པ། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ།