གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྐུར་གནང་འདུག

སྤེལ་དུས་: 2021ལོ་05ཟླ་27ཚེས་ 11:18 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༢༦ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྐུར་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས།སའི་གོ་ལ་འདི་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན་ཞིང་། འཛམ་གླིང་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་། བྱ་སྤྱོད་སྤེལ་རྒྱུར་དམ་འཛིན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་མཛེས་པའི་ཁྱིམ་གཞིས་བསྐྲུན་དགོས།ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་ཀྱིས།འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་གི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ལས་ཁྲོད་ཧུར་ཐག་ཞུགས་རྒྱུ་ཡིན། ཀྲུང་གོས་ཁོར་ཡུག་ཁྲིམས་འཛིན་བསྒྱུར་བཅོས་དང་གསར་གཏོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བས། འབྱུང་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་ཐད་ཕན་ཡོད་ཀྱི་ཉམས་མྱོང་གསོག་འཇོག་བྱས་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་སོགས་དང་ལག་གདང་དཔུང་སྦྲེལ་གྱིས་མཉམ་ལས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་དེ་ཉིན་དེ་རང་ལ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོགས་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་ཁྲིམས་འཛིན་གྱི་ནུས་པ་འདོན་སྤེལ་བྱས་ནས། འབྱུང་ཁམས་ཤེས་དཔལ་ལ་སྐུལ་འདེད་གཏོང་བ་སྟེ། སའི་གོ་ལའི་ཚེ་སྲོག་གི་ཐུན་མོང་མ་ལག་མཉམ་སྐྲུན་བྱེད་ཅེས་པ་དེ་རེད། ཚོགས་ཆེན་དེ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་མཉམ་འབྲེལ་ཐོག་གཉེར་བ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གོ་ལའི་བདེ་ཐང་དབུ་ཚོགས་ལ་ཞུགས་རྒྱུ། རྒྱང་སྐྱོད་འགོ་ཚུགས་ཡུལ་གྱི་དར་རྒྱས་ཀྱི་ལེའུ་གསར་པ། ཞི་ཅིན་ཕིང་གིས་ནན་ཡང་དུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།