གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཤིན་ཨན་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་པ།

སྤེལ་དུས་: 2021ལོ་06ཟླ་01ཚེས་ 10:50 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དགའ་གཏོང་བྱེད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༥ ཚེས ༣༠ ཉིན་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཤིན་ཨན་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་མ་ཟད་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་དུས་ཆེན་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད།

ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོའི་སློབ་གྲྭ་ནི་ཤིན་ཨན་འགྲུལ་སྐྱོད་ཚོགས་པའི་མ་ཡུམ་སློབ་གྲྭ་རེད། ཁྱེད་ཚོས་འཕྲིན་ཡིག་ནང་སློབ་གྲྭའི་གསར་བརྗེའི་ལོ་རྒྱུས་ལ་སྤོབས་སེམས་ཆེན་པོ་སྐྱེ་ལུགས་མཚོན་པར་བྱས་འདུག་ལ་ཁྱེད་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཀྱང་བརྗོད་འདུག་ཅེས་འཁོད་ཡོད།

ཞི་ཅིན་ཕིང་གིས། ལོ་དེར་ཏང་གི་ཐུགས་ཁུར་དང་འགོ་ཁྲིད་འོག ་ཤིན་ཨན་འགྲུལ་སྐྱོད་ཚོགས་པས་དཀའ་ཚེགས་ལ་མི་སྐྲག་པར་ཞབས་རྗེས་ཀྲུང་གོ་ཕྱེད་ཀ་ལྷག་ཙམ་ལ་བཞག་པ་དང་། རིག་རྩལ་མཚོན་ཆར་བྱས་ནས་མི་དམངས་ཀྱིས་ལྗར་འགོག་རྒྱལ་སྐྱོབ་བྱེད་རྒྱུར་འབོད་སྐུལ་བྱས་པ། ཏང་གི་འདོད་ཚུལ་དྲིལ་སྒྲོག་བཅས་བྱས་ཏེ་རྒྱལ་གཅེས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་སྣང་མངོན་པར་བྱས་ཡོད། ཁྱེད་ཚོས་རང་ཉིད་འཚར་ལོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་། དཔའ་བོ་དཔེ་བཟང་མི་སྣ་མིག་དཔེར་འཛིན་པ། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་པ། སྙིང་རུས་ཆེན་པོས་སློབ་སྦྱོང་དང་། ཕུགས་བསམ་འཛུགས་པ། ཀུན་སྤྱོད་ལེགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཤིན་ཨན་སློབ་ཆུང་ནི་མི་དམངས་སློབ་གསོ་མཁས་ཅན་ཐའོ་ཞིང་ཀྲིས་སྤྱི་ལོ ༡༩༢༩ ལོར་བཙུགས་གནང་བ་དང་། སྤྱི་ལོ ༡༩༣༥ ལོའི་ཟླ་བ ༡༠ པར་སློབ་གྲྭ་དེའི་སློབ་མ ༡༤ ཡིས་ཤིན་ཨན་འགྲུལ་སྐྱོད་ཚོགས་པ་ཞེས་པ་སྒྲིག་འཛུགས་བྱས་ཏེ། རིག་རྩལ་གྱིས་མཚོན་ཆ་བྱས་ཐོག་ལྗར་འགོག་རྒྱལ་སྐྱོབ་དྲིལ་སྒྲོག་བྱས་ཡོད། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་ཐུགས་ཁུར་དང་མཛུབ་སྟོན་འོག ཤིན་ཨན་འགྲུལ་སྐྱོད་ཚོགས་པས་ཏང་གི་འདོད་ཚུལ་དྲིལ་སྒྲོག་ཧུར་ཐག་བྱས་པ་དང་། དུས་ཡུན་ལོ་ངོ་ ༡༧ རིང་ལ་ལམ་ཐག་ལེ་དབར་ཁྲི ༥ ལྷག་ཙམ་བསྐྱོད་པ། ཞབས་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན ༢༢ ལ་བཞག་ཅིང་། ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་བཅིངས་འགྲོལ་ཐོབ་པར་ལེགས་སྐྱེས་འབུལ་གང་ཐུབ་བྱས་ཡོད། ཉེ་ཆར། ཤིན་ཨན་སློབ་ཆུང་གི་ལོ་རིམ་ལྔ་པའི་རུ་འབྲིང་བརྒྱད་པའི་ལོ་ཆུང་གདོང་ལེན་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། སློབ་གྲྭའི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་དང་མྱོང་ཚོར་སྙན་སེང་ཞུས་ཐོག གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་བཤད་ལ་ཚན་རྩལ་མི་སྣའི་ཁྲོད་ལན་ཆ་ཆེན་པོ་བྱུང་། ཞི་ཅིན་ཕིང་ནས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྐུར་གནང་འདུག བོད་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གོ་ལའི་བདེ་ཐང་དབུ་ཚོགས་ལ་ཞུགས་རྒྱུ།