སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱི་ཚེས ༧ ཉིན་མཚོ་སྔོན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཉིན་དེའི་ཕྱི་དྲོ། ཁོང་ཟི་ལིང་གྲོང་ཁྱེར་དུ་གནས་པའི་མཚོ་སྔོན་ཧྲེང་ཡོན་ཁ་གདན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ནས།
ཁེ་ལས་ཀྱིས་ས་གནས་དེ་གའི་མ་བཅོས་རྒྱུ་ཆའི་ཐོན་ཁུངས་བཟང་ཆར་བརྟེན་ནས་ཇུས་འགོད་འདུ་ཤེས་གསར་གཏོད་དང་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། དེ་རྗེས། ཞི་ཅིན་ཕིང་ཝུན་ཧུའེ་ཁྲོམ་ལམ་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས། སྡེ་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་གཞི་རིམ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ཐད་རྟོག་ཞིབ་གནང་ཡོད་པ་རེད།།