གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་མཛད་སྒོ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་འདུག

སྤེལ་དུས་: 2022ལོ་02ཟླ་24ཚེས་ 11:27 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

       ཞི་ཅིན་ཕིང་གིས་ཉི་ལེའར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

སྤྱི་ཟླ ༢ པའི་ཚེས ༢༣ ཉིན། ཉི་ལེའར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཐན་ཙན་ནི་ཡར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཐན་ཙན་ནི་ཡའི་གསར་བརྗེ་ཏང་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན། མོ་ཙམ་པི་ཁེའི་བཅིངས་འགྲོལ་འཐབ་ཕྱོགས་ཏང་། ཨན་ཀོ་ལའི་མི་དམངས་བཅིངས་འགྲོལ་ལས་འགུལ། ན་སྨི་པི་ཡ་བའི་ཚོགས་ཆུང་ཏང་། ཙམ་པབ་ཝེའི་ཨ་ཧྥེ་རི་ཁའི་མི་རིགས་མནའ་འབྲེལ་ཏེ་རྒྱལ་གཅེས་འཐབ་ཕྱོགས་སོགས་ཨ་ཧྥེ་རི་ཁ་གླིང་ལྷོ་རྒྱུད་ཀྱི་སྤུན་ཟླའི་ཏང་དྲུག་གིས་མཉམ་འབྲེལ་ཐོག་འཛུགས་སྐྲུན་བྱས་པའི་ཉི་ལེའར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་སྐབས་སུ། ང་རང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚབ་ཞུས་པ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། དུས་ཡུན་རིང་པོའི་ནང་། ཨ་ཧྥེ་རི་ཁ་གླིང་ལྷོ་རྒྱུད་ཀྱི་སྤུན་ཟླའི་ཏང་དྲུག་པོས་རང་རྒྱལ་ཁབ་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་རང་བཙན་དང་། འཛུགས་སྐྲུན། གོང་འཕེལ་བཅས་ཀྱི་བྱ་གཞག་ལ་གཞོལ་བས་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། ཉི་ལེའར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་སྤུན་ཟླའི་ཏང་དྲུག་པོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་འཛིན་ནུས་པ་ཆེ་རུ་གཏོང་རྒྱུར་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པས། སྤུན་ཟླའི་ཏང་དྲུག་པོས་རང་སོ་སོའི་རྒྱལ་ཁབ་ལ་འགོ་ཁྲིད་དེ་བས་ཡག་པ་བྱས་ཏེ། གོང་འཕེལ་དར་རྒྱས་དང་རང་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ནས་ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་ཞིག་བརྒྱུད་བཞིན་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་དེ་སྔའི་དུས་གང་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཐུན་མོང་ཐོག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཉི་ལེའར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་གོ་སྐབས་དང་བསྟུན་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་ཏང་བར་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོར་འཚམས་འདྲིའི་གློག་འཕྲིན་བཏང་བ། སྐབས་ཉེར་བཞི་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ། ཞི་ཅིན་ཕིང་ནས་ཀྲུང་སིའི་དབར་གྱི་ཚོཊ་ཆེན་འདིར་འཕྲིན་ཡིག་སྤྲིངས། ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་བསྐྱོན་པ།