གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོཊ་གཙོ་སྐྱོང་གནང་།

སྤེལ་དུས་: 2022ལོ་02ཟླ་26ཚེས་ 11:42 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་བསྡུར་བྱས་པ་དང་།༼སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་༽དང་།༼སྤྱི་ལོ ༢༠༢༡ ལོའི་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་གཙོ་བོའི་གནས་ཚུལ་སྐོར་གྱི་སྙན་ཞུར་༽གྲོས་ཞིབ་གནང་བ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཟླ ༢ པའི་ཚེས ༢༥ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་གནང་ནས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་གནང་རྒྱུར་འབུལ་རྩིས་ཡོད་པའི་༼སྲིད་གཞུང་ལས་དོན་སྙན་ཞུ་༽མ་ཟིན་ལ་གྲོས་བསྡུར་གནང་བ་དང་།༼སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་བསྐོར་བརྒྱད་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་༽དང་། ༼སྤྱི་ལོ ༢༠༢༡ ལོའི་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་ཀ་གཙོ་བོའི་གནས་ཚུལ་སྐོར་གྱི་སྙན་ཞུར་༽གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོགའདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན་པ་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོར་མཐུན་སྒྲིལ་སྣེ་ཁྲིད་གནང་ནས།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དང་ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་བཟོས་པ། དབུལ་སྒྲོལ་འགག་གཏོར་ལ་དུས་བཀག་ལྟར་རྒྱལ་ཁ་ཐོབ་པ།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱུང་བ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་གསར་པ་ཁྱོན་ཡོངས་ནས་འགོ་ཚུགས་ཡོད།ལོ་གཅིག་རིང་།རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཉེན་ཁ་དང་འགྲན་རྩོད་མང་པོའི་མདུན་དུ།རྒྱལ་ཡོངས་གོང་འོག་ཀུན་ནས་འབད་བརྩོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཅིག་གྱུར་འཆར་འགོད་བྱས་པ་དང་།ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་གྲུབ་ཅུང་ཡག་པོ་བྱུང་བ།ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་ཐུབ་ནས།རང་རྒྱལ་གོང་འཕེལ་ལ་གྲུབ་འབྲས་གལ་ཆེན་གསར་པ་སླར་ཡང་ཐོབ་ཡོད་པའི་ངོས་འཛིན་གནང་ཡོད།

གྲོས་ཚོགས་ཐོགད་ལོ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོག་བྱ་རྒྱུ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་འཕེལ་རིམ་ནང་གལ་འགངས་ཧ་ཅང་ཆེ་བའི་ལོ་ཞིག་རེད། སྲིད་གཞུང་གྱི་ལས་དོན་ལེགས་པར་བསྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།ཡང་དག་པ།ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་པ་དང་།གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་ཟབ་གཏོང་བྱེད་པ།གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་བསྒྱུར་བཅོས་གཙོ་ཐིག་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ།བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ།དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོགའདི་ལོའི་ལས་དོན་ཐད་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་དགོས།སྤྱི་ཁོག་གི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གང་ལེགསབ་བྱ་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་རྩ་བརྟན་པོས་ལག་བསྟར་དང་།ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་སྐྱེད་དམ་འཛིན་ཤུགས་ཆེན་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་དང་། སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱས་ནས། རྩ་བའི་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་དམ་སྲུང་བྱ་དགོས། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཏན་ཏིག་བྱེད་པ་དང་།སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་གསར་གཏོད་བྱ་དགོས།སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་འབད་བརྩོན་ཆེན་པོས་ལེགས་འགྲུབ་བྱ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ལ་གྲུབ་འབྲས་ཡག་པོ་ཐོབ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་པ་དང་། དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཆད་གཅོད་ནན་པོ་བྱེད་པ། དངུལ་རྩའི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་སེལ་བ་བཅས་བྱས་པས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་གོང་འཕེལ་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་དང་ཆབས་ཅིག་ཏུ། སྐོར་གཟིགས་ནང་དངུལ་རྩའི་ལས་ཁུངས་ཀྱིས་ཁྱོན་ཡོངས་ཀྱི་འགོ་ཁྲིད་དོན་འཁྱོལ་དང་། ཏང་ལེགས་སྐྱོང་ལ་ཤུགས་སྣོན། ཏང་ཁྱོན་ཡོངས་ནས་ནན་སྐྱོང་སོགས་ཀྱི་ཐད་དངུལ་རྩའི་སྡེ་ཚན་ལ་སྔར་བཞིན་གནད་དོན་མངོན་གསལ་ཅན་མི་ཉུང་བ་གནས་ཡོད་པ་དང་། གནད་དོན་ཁ་ཤས་ལ་ཐུན་མོང་གི་རང་བཞིན་ལྡན་པས་ངེས་པར་དུ་ཐག་གཅོད་ནན་ཏན་བྱ་དགོས། དག་ཐེར་ཡོ་བསྲང་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་།རྒྱུན་གཏན་ལྟ་སྐུལ་བསྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས། གནད་དོན་རེ་རེ་བཞིན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩ་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྣམ་པར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་གཉིས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། གཙོ་འགན་འཁུར་མཁན་དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་སྲིད་ཚོང་ངན་འབྲེལ་དང་རྒྱུ་དབང་བརྗེ་རེས་བྱེད་པའི་རུལ་སུངས་སོགས་ཀྱི་དཔེ་མཚོན་ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་དང་།རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དབང་ཆར་ལྟ་སྐུལ་ལམ་ལུགས་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་གྱི་མ་ལག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཆད་གཅོད་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱ་རྒྱུར་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། བཙོག་དངུལ་ཚུར་ལེན་དང་གྱོང་གུན་གསབ་ཏུ་འཇུག་རྒྱུར་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་པ་དང་ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ནས་འགོ་ཁྲིད་ཚན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དངུལ་རྩའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ ༢༠༢༡ ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། དེ་དང་ཆབས་ཅིག་ཏུ་དེས་སྤྱི་ལོ ༢༠༢༢ ལོའི་ལས་དོན་བཀོད་སྒྲིག་བྱ་རྒྱུའི་མོས་མཐུན་གནང་བ་རེད།གྲོས་ཚོགས་ཐོག གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་ཀྱིས་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་སྐོར་གཟིགས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། སྐོར་གཟིགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་མངོན་གསལ་དོད་སར་འཇོག་པ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བཀག་སྡོམ་ཁུལ་མེད་པ་རྒྱུན་འཁྱོངས་ཀྱིས་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པའི་ལས་འགན་ཏན་ཏིག་ངང་ལེགས་སྒྲུབ་བྱེད་དགོས། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དག་ཐེར་ཡོ་བསྲང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དག་ཐེར་ཡོ་བསྲང་གི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་གང་ལེགས་བྱས་ནས་གོང་འོག་ཀུན་ལ་ཁྱབ་པའི་ལས་ཀའི་རྣམ་པ་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་། སྐོར་ཞིབ་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐབས་བཅུ་དགུ་པའི་སྐོར་གཟིགས་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱས་ཐོག ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་སྐོར་གཟིགས་ལས་དོན་དེ་བས་ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པ་ཞིག་སྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད། གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཐད་ཞིབ་འཇུག་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཀྲུང་གོའི་གངས་འཁྱཊ་ལུས་རྩལ་པར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་ནས་མཛད་སྒོ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་འདུག ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོར་འཚམས་འདྲིའི་གློག་འཕྲིན་བཏང་བ། སྐབས་ཉེར་བཞི་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།