གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་རིཊ་གཞུང་ཞིབ་བསྡུར་ཚོཊ་འདུ་འདིར་རྟེན་འབྲེལ་ཞུས།

སྤེལ་དུས་: 2022ལོ་03ཟླ་24ཚེས་ 12:24 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༣ ཉིན་ཀྲུང་གོ་གུང་ཁྲན་ཏང་དང་ཁུ་པ་གུང་ཁྲན་ཏང་གི་སྐབས་བཞི་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར་ཚོགས་འདུར་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་ཁུ་པ་གུང་ཁྲན་ཏང་ནི་རང་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་འགོ་ཁྲིད་བྱེད་མཁན་གཙོ་བོ་དེ་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཁུ་པ་གུང་ཁྲན་ཏང་གི་ཚོགས་ཆེན་བརྒྱད་པས་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཁུ་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཐད་འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་ཇུས་བྱས་ནས། ཁུ་པ་དེ་ཉིད་དར་རྒྱས་དང་། དམངས་གཙོ། རྒྱུན་མཐུད་རུང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་སུ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཀྲུང་གོ་དང་ཁུ་པའི་ཏང་གཉིས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱང་སྐྱོད་གསར་པའི་ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱ་རྒྱུ་དེ་བརྗོད་དོན་གཙོ་བོར་བཟུང་ནས་རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར་བྱེད་པ་དེ་དུས་དང་འཁེལ་བ་ཞིག་ཡིན་ཞིང་། དེས་ང་ཚོས་རང་སོའི་རྒྱལ་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་ཁུ་པ་གུང་ཁྲན་ཏང་བར་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་གལ་ཆེན་ཐད་འཛིན་པའི་ལྟ་སྟངས་སྤེལ་རེས་གཏིང་ཟབ་བྱེད་པ་དང་། ཕན་ཚུན་བར་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། རང་སོའི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

སྐབས་བཞི་པའི་ཀྲུང་གོ་དང་ཁུ་པའི་ཏང་གཉིས་པོའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་རྒྱལ་སྤྱིའི་འབྲེལ་བའི་པུས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། སྤྱི་ཟླ ༣ པའི་ཚེས ༢༣ ནས ༢༤ ཉིན་བར་བརྙན་མཐོང་ཐོག་ནས་འཚོགས་ཡོད།།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས༡༣པའི་ཚོགས་འདུ་ཐེངས༥པ་གྲོལ་བ། རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་ཚོགས་འདུ་ཐེངས ༥ པ་གྲོལ་བ། ཞི་ཅིན་ཕིང་ནས་མ་ཁེ་ལུང་དང་ཧྲོར་ཙེ་དང་བརྙན་མཐོང་དབུ་ཚོཊ་གནང་བ། ཞི་ཅིན་ཕིང་ནས་དམག་དཔུང་གི་ལས་དོན་སྐོར་ལ་ནན་སྟོན་གནང་དོན།