སྤྱི་ལོ ༢༠༢༢ ལོའི་ཟླ ༣ ཚེས ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༠ པར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ ༦༣ འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། སྐར་ལྔའི་དར་དམར་མཐོན་པོར་སྒྲེང་བ་དང་བསྟུན་ནས། དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ་དང་། ཚང་མས་སྤྲོ་སེམས་འཁོལ་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས།
མ་ཡིག་གི་འགོ་བརྗོད།༼ དེ་རིང་སྔ་དྲོ། པོ་ཏ་ལའི་ཐང་ཆེན་དུ་མཛད་སྒོ་གཟབ་རྒྱས་ཤིག་འཚོཌ་འདུག༽