ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད།
ཞི་ཅིན་ཕིང་གིས་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀོའུ་གྲོང་ཚོའི་ཀུ་ཤུའི་ལྡུམ་རར་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད། དེར་བརྟེན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་དང་། ཡན་ཨན་གྱི་སྙིང་སྟོབས་དང་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་དར་སྤེལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཏང་ཞིག་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན་པས། གུང་ཁྲན་ཏང་གིས་མི་སེར་ལ་བྱ་བ་སྒྲུབ་པ་དང་མི་སེར་གྱི་བྱ་བ་ཡག་པོ་སྒྲུབ་དགོས། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དམངས་ཕྱུག་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཡག་པོ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཡུལ་མི་སྤུན་ཟླ་རྣམས་ཀྱི་འཚོ་བ་སྔར་ལས་ལེགས་པ་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ཨན་དབྱང་ལིན་ཀྲོའུ་གྲོང་ཁྱེར་དུ་དར་དམར་ཆུ་ཡུར་གྱི་ཡན་ལག་ཆུ་སྒོའི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།ན་གཞོན་ཚོས་དཀའ་སྤྱད་སྙིང་རུས་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཁེངས་དྲེགས་དང་གཅེས་ལང་གི་ངང་ཚུལ་དོར་ནས་ང་ཚོའི་རྒན་རབས་པ་ཚོ་དང་འདྲ་བར་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྡོ་རིང་དུ་འཁོད་པའི་བྱས་རྗེས་འཇོག་དགོས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་ནི་མི་རབས་གཅིག་གཉིས་ཀྱི་བྱ་བ་རེད། ང་ཚོ་སྐབས་འདི་དང་ཏག་ཏག་འཁེལ་བས་ལང་ཚོ་ཆུད་ཟོས་སུ་གཏང་མི་རུང་བར་ང་ཚོའི་མི་རབས་འདིའི་ལེགས་སྐྱེས་འབུལ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན།ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་ལ་རྒྱུན་ཡང་ཆད་མྱོང་མེད་པས། ང་ཚོའི་མི་རིགས་རླབས་པོ་ཆེ་འདི་གྲུབ་ཡོད། མི་རིགས་འདི་མུ་མཐུད་རླབས་ཆེན་པོས་གནས་ངེས་རེད། རིག་དངོས་སྔོག་འདོན་དང་ཞིབ་འཇུག་སྲུང་སྐྱོང་གི་ལས་དོན་སྤེལ་བ་བརྒྱུད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་གསར་དུ་གཏོད་པའི“རྩ་བ”ཡིན་པ་དང་། ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ནི“ཟུང་འབྲེལ་གཉིས”རེད། ང་ཚོས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་ཀྲུང་གོ་བའི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་གཏོང་དགོས།