གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་ནས་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུས།

སྤེལ་དུས་: 2023ལོ་01ཟླ་15ཚེས་ 11:31 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡ ཚེས ༡༤ ཉིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ཕན་ཚུན་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་འཕྲིན་ཡིག་གཏོང་རེས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་གྱི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཟབ་མོ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས།  ༢༠༢༢ ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཐད་འགག་རྩའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཤིང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་དང་འགན་འཁྲི་བཏོན་ཡོད། ཝེ་ཐེ་ནམ་མི་དམངས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་ནས་ཡུན་རིང་མ་སོང་བར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་ཤིང་། ཕྱོགས་གཉིས་པོས༼ཀྲུང་ཝེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་ཡོད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་ང་ཚོའི་བར་བྱུང་བའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་བཞིན་ཡོད། དེས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དངོས་བསྐྲུན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས། ལོ་གསར་པ་འགོ་ཚུགས་ཤིང་རྣམ་པ་ཡོངས་རྫོགས་གསར་པར་གྱུར། སྤྱི་ལོ ༢༠༢༣ ལོར་རྒྱང་ལྟ་བྱེད་སྐབས། ངས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ཐེ་ནམ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་དང་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་བསམ་བློ་གཏོང་བའི་ཁ་ཕྱོགས་སུ་བརྩིས་ཤིང་། ཝེ་ཐེ་ནམ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་འདུག

རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཡོད། འདི་ནི་ཀྲུང་གོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤུན་ཟླའི་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་དང་འདུན་པ་ཁག་ཡོངས་སུ་ལེགས་སྒྲུབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དཔུང་སྐྱོད་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་འདུག

རོན་ཧྥུའུ་ཀྲུང་གིས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་རབ་དང་རིམ་པའི་སྣེ་ཁྲིད་འོག ཝེ་ཀྲུང་གི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་འཕེལ་རིམ་གལ་ཆེན་ཐོན་ཡོད། ང་དང་ཝེ་ཐེ་ནམ་གྱི་ཏང་སྲིད་མཐོ་རིམ་འཐུས་ཚབ་ཚོགས་པས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་ཀྲུང་གོར་དངོས་སུ་འཚམས་འདྲི་ཞུས་པ་མ་ཟད་བདེ་བླག་ངང་ལེགས་འགྲུབ་ཀྱང་བྱུང་སོང་། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་ལྷན་དུ་ཕྱོགས་གཉིས་པོའི་སྡེ་ཁག་སོ་སོ་དང་ས་གནས་ཁག་གིས་འཚམས་འདྲི་ཞུ་རིང་བྱུང་བའི་གྲོས་མཐུན་དང་ཐུན་མོང་ངོས་འཛིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་འཐབ་ཇུས་ཀྱི་འབྲེལ་གཏུག་བྱས་ཏེ། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཟམ་མི་ཆད་པར་གཏོང་བ་མ་ཟད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་འཐབ་ཇུས་ཀྱི་འཆར་འགོད་བཟོ་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ། སྤུན་ཟླའི་ཀྲུང་གོའི་མི་དམངས་ལོ་གསར་པའི་ནང་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཆན་བཀོད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་དང་ཐ་ལུང་ནས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།