གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་རྒྱལ་ཡོངས་འབྱུང་ཁམས་ཉིན་མོ་ཐོག་མར་མཛུབ་སྟོན་གནང་བ།

སྤེལ་དུས་: 2023ལོ་08ཟླ་16ཚེས་ 11:10 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་ཐོག་མ་དེ་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་དང་། ཏང་གི་འོས་འགན་དམིགས་འབེན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་གནད་དོན་གལ་ཆེན་ཞིག དམངས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་བཅས་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་དུས་གཅིག་ཏུ་སྐུལ་སྤེལ་གཏོང་རྒྱུར་མཐོང་ཆེན། ཐཱན་གཉིས་ལས་དོན་གྱིས་ཁྲིད་སྟོན་བྱེད་པ། ནུས་རྒྱུ་ཟད་གྲོན་ཐད་ཀྱི་ཚོད་འཛིན་གཉིས་ལ་སྐུལ་འདེད་གཏོང་བ་ནས་རིམ་བཞིན་ཐཱན་འབུད་བཤངས་ཐད་ཀྱི་ཚོད་འཛིན་གཉིས་ལ་བརྗེ་སྒྱུར་བྱེད་པ། ཐོན་སྐྱེད་བྱ་ཐབས་དང་འཚོ་བ་རོལ་སྟངས་སྦགས་མེད་ཐཱན་ཉུང་ལ་བརྗེ་སྒྱུར་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་སྤྱི་ཚོགས་ཁྱོན་ནས་བྱ་སྤྱོད་སྤེལ་ཏེ་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྒྱུད་སྤེལ་མཁན་དང་དཔེ་སྟོན་ལག་བསྟར་བ་ཞིག་བྱེད་པ་དང་། ཉམས་ལེན་འབད་སྒྲུབ་དང་ཡུན་རིང་ཤུགས་བརྒྱབ་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་སྐྲུན་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།

རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་ཐོག་མའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་སྤྱི་ཚེས ༡༥ ཉིན་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་གཉེར་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཏིང་ཞུའེ་ཞང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས། གསར་གཏོང་རང་བཞིན་གྱི་ལས་དོན་འབོར་ཆེན་སྤེལ་ཡོད་ཅིང་། ཆོད་སེམས་ཆེ་ཚད་དང་། ཤུགས་ཚད་ཆེ་ཚད། ཕན་འབྲས་ཆེ་ཚད་བཅས་སྔར་བྱུང་མྱོང་མེད། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཀྱང་འཛམ་གླིང་མི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་མངོན་གསལ་དོད་པའི་གནས་བབ་ལ་བཞག་ཐོག སྤུས་ཚད་མཐོ་བའི་འབྱུང་ཁམས་ཁོར་ཡུག་གིས་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། རྒྱུན་བསྲིངས་ལྷོད་མེད་ངང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་། སྔོ་ལྗང་རི་ཆུ་དང་ས་གཙང་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་ནས། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱེད་དགོས། སྦགས་མེད་ཐཱན་ཉུང་གི་གོང་འཕེལ་གཏོང་རྒྱུ་དེ་འབྱུང་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཐབས་ཇུས་ལ་བརྩིས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་ཁམས་རྣམ་པ་དང་ཐོན་ལས་གྲུབ་གཞི། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་གང་མགྱོགས་གྲུབ་པར་བྱེད་དགོས། རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། རྩྭ་ཐང་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་ཤུགས་ཆེན་གཏོང་བ། ཐཱན་རྩེ་གྲངས་ལ་སླེབས་པ་དང་དང་ཐཱན་བཏང་སྙོམས་ཡོང་བ་བྱེད་པར་སྐུལ་སྤེལ་ཏན་ཏིག་བཏང་ནས། གོང་འཕེལ་ཁྲོད་ཐཱན་རྒྱུ་ཉུང་གཏོང་དང་ཐཱན་རྒྱུ་ཉུང་གཏོང་ཁྲོད་སྤུས་ཚད་སྔར་བས་མཐོ་བའི་གོང་འཕེལ་ཡོང་བར་བྱེད་དགོས། འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་ཕྱོགས་ཀུན་ལ་བརྒྱུད་བསྒྲགས་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ཧྲིལ་པོའི་འབྱུང་ཁམས་ཤེས་དཔལ་འདུ་ཤེས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། མི་ཚང་མ་དང་བྱ་བ་ཀུན། དུས་ཀུན་དུ་ཕྱོགས་གང་སར་འབྱུང་ཁམས་ཤེས་དཔལ་དར་སྤེལ་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་འདུག

༢༠༢༣ ལོའི་ཟླ ༦ ཚེས ༢༨ ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ནས། སྤྱི་ཟླ ༨ ཚེས ༡༥ ཉིན་དེ་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོར་གཏན་འཁེལ་གནང་བ་རེད། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་ཐོག་མའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། འབྱུང་ཁམས་ཁོར་ཡུག་པུའུ་སོགས་ཚན་པ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་ཐོག་གཉེར་བ་དང་། བརྗོད་དོན་གཙོ་བོ་ནི་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པ་དེ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་བཞིན་པ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲང་གོ་ཆིང་གིས་ཧོ་པེ་རུ་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་སླར་གསོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བ། ཞི་ཅིན་ཕིང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནན་གྱིས་བསྟན་དོན།