གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སློབ་གཞི་གལ་ཆེན་འདི་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

སྤེལ་དུས་: 2023ལོ་08ཟླ་29ཚེས་ 11:20 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ཞེས་པའི་སློབ་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་ནང་འགོད་པ་དང་སློབ་ཁང་ནང་སློབ་པ། བསམ་བློར་ཟུག་པ་བཅས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་དེ་བས་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་སློབ་གསོ་པུའུ་དང་མཉམ་དུ༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ཞེས་པ་རྩོམ་སྒྲིག་བྱས་པ་རེད། སློབ་གཞི་དེ་ནི་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་པ་དང་དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ཞེས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པའི་གཅིག་གྱུར་རྩོམ་སྒྲིག་གི་སློབ་གཞི་དང་པོ་ཞིག་དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དབང་གྲགས་ལྡན་པའི་དཔེ་དེབ་ཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སློབ་གཞིའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་བཅས་རེད། ༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ཞེས་པ་རྩོམ་སྒྲིག་དཔེ་སྐྲུན་དང་བེད་སྤྱོད་བྱས་པ་དེས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ན་གཞོན་སློབ་མ་ཚོས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བཙུགས་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་རབས་གསར་པར་ཧུར་ཐག་འགྱུར་བར་ཁྲིད་སྟོན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ནི་གླེང་གཞི་དང་། ལེའུ ༡༧ གྱི་ནང་དོན་གཙོ་བོ། མཇུག་བསྡུའི་གཏམ་བཅས་ལས་གྲུབ་པ་དང་། དེའི་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་ནས་མཚོན་ཡོད་པ་དང་། དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་དང་རླབས་ཆེན་གྱི་འཕོ་འགྱུར་མཚོན་ཡོད་ཅིང་། རིག་གཞུང་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་མཚོན་ཡོད་པ་རེད། ༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ༽ཞེས་པའི་ནང་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་དང་། སློབ་ཁྲིད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དང་། གཞོན་ནུ་སློབ་མ་ཚོའི་ངེས་ཤེས་ཀྱི་ཁྱད་ཆོས་དང་དང་ལེན་བྱེད་པའི་གོམས་གཤིས་དང་ཉེ་བཅར་བྱ་རྒྱུར་སྣང་ཆེན་བྱས་ཡོད། དེའི་ཐོག་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཞི་གཅིག་ཅན་གྱི་མི་སྣ་གསོ་སྐྱོང་གི་བླང་བྱ་མཚོན་ཡོད་པ་རེད། སློབ་གཞི་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་། རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་རིག་གནས་པ་དང་འཐབ་ས་དང་པོའི་གཞོན་དར་རྐང་འཛིན་དགེ་རྒན་རྒྱ་ཁྱབ་ངང་ཞུགས་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་གཞུང་ལས་ཁང་གིས་ཞིབ་ཕྲའི་སྒྲིག་འཛུགས་ལས་དོན་གྱི་འགན་འཁུར་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་བཤད་ལ་ཤིན་ཅང་དུ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུཊ་པ། ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་བ།