གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས།

སྤེལ་དུས་: 2023ལོ་09ཟླ་01ཚེས་ 11:23 ཡོང་ཁུངས་: ​ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ ༨ ཚེས ༣༡ ཉིན་གྲོས་ཚོགས་སྐོང་འཚོགས་བྱས་ནས༼ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་སྲོལ་ཡིག༽དང་༼རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད༢༿༠༢༣-༢༠༢༧ ལོ༾༽ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་འཛུགས་པའི་སྣེ་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ལས་གྲྭ་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་གལ་ཆེན་བཟུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག ཕུགས་བསམ་དང་དད་སེམས། དམིགས་ཡུལ་བཅས་བརྟན་པོ་ཡོང་བ་བྱ་རྒྱུ་རྩ་བར་འཛིན་པ་དང་། ཕྱོགས་ཡོངས་ནས་སྲིད་འཛིན་གྱི་འཇོན་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ། ཆབ་སྲིད་ཀྱི་འཇོན་ནུས་ཆེ་བ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་དེ་བརྗོད་གཙོའི་གཙོ་ཐིག་ཏུ་འཛིན་ཐོག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྡུད་དང་བླ་སྲོག་གཏོད་པ། རྨང་གཞི་བརྟན་གཏོང་བཅས་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་དེ་ལས་བྱེད་པ་འཚར་ལོངས་ཡོང་བ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་མཁོ་སྤྲོད་དང་དགོས་མཁོ་གཉིས་འཚམ་མཐུན་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྲིག་འཛུགས་ཀྱི་དགོས་མཁོ་དང་། ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་སྔར་བས་ལེགས་པའི་སྒོ་ནས་སྐོང་བ། སློབ་གསོ་གསོ་སྦྱོང་བྱེད་སྟངས་དང་བྱེད་ཐབས་ཟམ་མི་ཆད་པར་ལེགས་སྒྱུར་བྱེད་པ། སློབ་གསོ་གསོ་སྦྱོང་གི་མ་ལག་རང་བཞིན་དང་། དམིགས་སའི་རང་བཞིན། གོ་ཆོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། ཁྱབ་ཁོངས་དབྱེ་བ་དང་ཆེད་དོན་དབྱེ་ནས་སློབ་སྦྱོང་སྦྱོང་བརྡར་བྱས་ཏེ། ལས་བྱེད་པའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཇོན་ནུས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ནུས། ཉེན་ཁ་འགོག་སེལ་བྱེད་པའི་འཇོན་ནུས་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་རྨང་གཞིའི་འགན་སྲུང་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཏང་གི་སློབ་གྲྭསྲ༿ིད་འཛིན་སློབ་གླིང༾ཡི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་དང་སྒར་ས་གཙོ་བོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་གནད་འགག་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རིང་དུ་དོར་བ། གྲོན་ཆུང་ཚད་ལྡན་ངང་སློབ་གཉེར་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སློབ་གཞི་གལ་ཆེན་འདི་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། ཞི་ཅིན་ཕིང་གི་གསུང་བཤད་ལ་ཤིན་ཅང་དུ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུཊ་པ།