འདི་ནི་ཟླ ༩ ཚེས ༢ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ ༢༠༢༣ ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུང་བཞིན་པ།
ཟླ ༩ ཚེས ༢ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ ༢༠༢༣ ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་གནང་དོན། དེང་སྐབས་ལོ་བརྒྱའི་འགྱུར་ལྡོག་འགྲོ་མགྱོགས་སུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་གི་མེད། ཞབས་ཞུའི་ཚོང་དོན་ནི་རྒྱལ་སྤྱིའི་ཚོང་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དང་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྡེམ་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ ༤༥ འཁོར་བའི་ལོ་ཞིག་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་གི་སྒོ་དབྱེ་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་དང་མཉམ་དུ་ཞབས་ཞུ་སྒོ་དབྱེར་བརྟེན་ནས་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་མཉམ་ལས་ལ་བརྟེན་ནས་མཉམ་འགུལ་རྒྱུན་འཁོར་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ། ཞབས་ཞུ་མཉམ་སྤྱོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་སླར་གསོའི་སྲོལ་ལམ་ཐོག་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོས་དེ་བས་སྒོ་དབྱེ་བསྟུན་མཁས་ཀྱི་འཕེལ་རྒྱས་ཁོར་ཡུག་གཏོད་རྒྱུ་ཡིན། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་སྐྱེད་བཏང་སྟེ་ཞབས་ཞུའི་ཚོང་དོན་དང་མ་དངུལ་གྱི་བཀག་རྒྱ་གསལ་ཐོའི་གྲོས་མོལ་ཧུར་ཐག་བྱེད་པ་དང་། གློག་འཕྲིན་དང་། ཡུལ་སྐོར། བཅའ་ཁྲིམས། ལས་རིགས་རྒྱུགས་ལེན་སོགས་ཞབས་ཞུའི་ཁྱབ་ཁོངས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་སྒོ་དབྱེ་ནང་རྒྱ་སྐྱེད་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་དེ་བཞིན་ཆ་རྐྱེན་འཛོམས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁར་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་སྔོན་ལ་སྦྲེལ་མཐུད་བྱེད་རྒྱུ་ཡིན། ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་འཇུག་འཐུས་ཀྱི་ཚད་གཞི་ལྷུག་ཏུ་བཏང་སྟེ་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་སྒོ་དབྱེའི་འཕེལ་རིམ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཞབས་ཞུའི་ཚོང་དོན་གྱི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་སྐྱེད་བརྟན་པོ་གཏོང་གི་ཡིན།
ང་ཚོས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་ཐག་དམ་དུ་གཏོང་རྒྱུ་ཡིན། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་མཉམ་ལས་གྲོས་འགོ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་ཁབ་དང་ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཚོང་དོན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཐོན་ཁུངས་ཀྱི་གཙོ་རྒྱུ་སྣ་ཚོགས་རྒྱལ་སྒྲོལ་འཁོར་རྒྱུག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་མཉམ་ལས་ཀྱི་འཕར་གཞི་དེ་བས་མང་པོ་སྐྱེད་སྲིང་བྱེད་རྒྱུ་ཡིན།
ང་ཚོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཞབས་ཞུའི་ཚོང་དོན་གྱི་གྲངས་འཛིན་ཅན་གྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་གྲངས་གཞིའི་རྨང་གཞིའི་ལམ་ལུགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྲངས་འཛིན་ཚོང་དོན་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་པ་རང་མོས་འབུད་པའི་ཚོང་དོན་ཁྲོམ་ར་བཙུགས་ནས་ལྗང་མདོག་འཕེལ་རྒྱས་གཏོང་རིང་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞབས་ཞུའི་ཚོང་དོན་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་། རྩེར་སོན་བཟོ་སྐྲུན་ལས་རིགས། དེང་རབས་ཞིང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་གསར་གཏོད་ཀྱི་གསོན་ཤུགས་དེ་བས་མང་པོ་འཕེལ་བ་བྱ་རྒྱུ་ཡིན།
ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་ཡིན། རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བར་ཤུགས་བརྒྱབ་སྟེ་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་། རང་འགུལ་ངང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། ཤེས་བྱ་འདུས་ཆེ་བའི་ཞབས་ཞུ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་བསྔགས་སྐུལ་བྱེད་པ། ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་ལ་བརྟེན་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོར་དེ་བས་ཡག་པ་དང་དེ་བས་མང་བའི་ཀྲུང་གོའི་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་འཛམ་གླིང་མི་དམངས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་གི་དཔལ་འབྱོར་སྒོ་ཕྱེ་ན་དར་རྒྱས་འགྲོ་བ་དང་སྒོ་བསྡོམས་ན་ཉམས་རྒུད་འགྲོ་སྲིད། ང་ཚོས་ལས་སླ་པོར་ཐོབ་པ་མིན་པའི་རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ཐུན་མོང་ཐོག་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་ཐུན་མོང་ཐོག་མཉམ་དུ་སྤྱད་ནས་འཛམ་གླིང་གི་དེ་བས་མཛེས་སྡུག་དང་དར་རྒྱས་ལྡན་པའི་འབྱུང་འགྱུར་གཏོད་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
༢༠༢༣ ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཟླ ༩ ཚེས ༢ ནས ༦ ཉིན་བར་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། མཉམ་ལས་གཉིས་ཁེས་འབྱུང་འགྱུར་གཏོད་དགོས་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས། སློབ་གཞི་གལ་ཆེན་འདི་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། ཞི་ཅིན་ཕིང་གི་གསུང་བཤད་ལ་ཤིན་ཅང་དུ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།