གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོཊ་གཙོ་སྐྱོང་གནང་།

སྤེལ་དུས་: 2023ལོ་09ཟླ་28ཚེས་ 11:23 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༩ ཚེས ༢༧ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ནས། ༼སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར༽གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐོར་གཟིགས་བྱ་རྒྱུ་དེ་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ལ་བརྩིས་ཐོག ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་གྲོས་ཚོགས་ཐོག་དྲང་སྲུང་གསར་གཏོད་མཐའ་འཁྱོངས་ཀྱིས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་སྟེང་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་སྟེང་དུ་ཡོད་པའི་བརྡ་རྟགས་མངོན་གསལ་དོད་པོ་བསྟན་ཡོད། ལག་ལེན་ལས་སྐོར་གཟིགས་ནི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་ར་འཕྲོད་བྱུང་བའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག སྐོར་གཟིགས་བྱས་པ་བརྒྱུད་གཞུང་ཁོངས་ཁེ་ལས་དང་། དངུལ་རྩ། ལུས་རྩལ་ཁྱབ་ཁོངས་བཅས་ཀྱི་ཏང་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཤུགས་སྣོན་ཐེབས་པ་དང་། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་འགའ་ཤས་སྔར་བཞིན་ལྷག་བསྡད་ཡོད། དེར་བརྟེན་ནན་པོའི་སྙིང་དོན་དང་། ནན་པོའི་བྱེད་ཐབས། ནན་པོའི་རྣམ་པ་བཅས་མུ་མཐུད་བརྒྱུད་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཏན་ཏིག་འཁུར་བར་སྐུལ་འདེད་གཏོང་བ་དང་། དག་ཐེར་ཡོ་བསྲང་ལ་དམ་འཛིན་ནན་པོ་བྱེད་པ། སྐོར་གཟིགས་དག་ཐེར་བྱ་རྒྱུ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བཅས་བྱ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག  སྐོར་གཟིགས་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་པ། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་ནུས་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དངོས་པོའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། དངུལ་རྩའི་ཁེ་ལས་ཀྱིས་དངོས་གཟུགས་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མཐའ་ཚད་བསམ་བློ་དང་མཐར་སོན་བསམ་བློ་བརྟན་པོ་འཛུགས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ཨུད་ཏ༿ང་ཙུའུ༾ཧྲུའུ་ཅིའི་འགན་འཁུར་བ་དང་པོའི་འགན་འཁྲི་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་གནས་གཅིག་འགན་གཉིས། དེ་བཞིན་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་ལྟ་སྐུལ་འགན་འཁྲི་བཅས་ནན་དུ་བཏང་སྟེ། རིམ་ཁག་གི་འགོ་ཁྲིད་ཨང་དང་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་ཁྱབ་ཁོངས་སུ་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་བཞི་ཡོ་བསྲང་གཏིང་ཟབ་བྱེད་པ། གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་དང་། འགོ་ཁྲིད་ཚན་པ་ལེགས་སྐྱོང་དང་། ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། སྐོར་གཟིགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ཏེ་བསྒྱུར་བཅོས་གཏིང་ཟབ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ། ཞི་ཅིན་ཕིང་ནས་བཀའ་རྒྱ་འདིར་མཚན་རྟཊ་བཀོད་གནང་འདུག ཞི་ཅིན་ཕིང་གིས ༢༠༢༣ ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ།