༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བའི༽སྐད་རིགས་མང་པོའི་དེབ་ཕུད་འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་གཉེར་བ།
༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བའི༽སྐད་རིགས་མང་པོའི་དེབ་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ཚེས ༡༦ ཉིན་པེ་ཅིང་དུ་གཉེར་ཞིང་། ཨ་རབ་ཀྱི་ཡི་གེ་དང་། སི་ཕན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ འཇར་མན་གྱི་ཡི་གེ ལྗར་པན་གྱི་ཡི་གེ་བཅས་སྐད་རིགས་ལྔའི་དེབ་གསར་རྒྱལ་ཁབ་ཕྱི་ནང་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།
དེབ་ཕུད་འགྲེམས་སྤེལ་མཛད་སྒོའི་ཐོག རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱི་འཐུས་མིས་ལྷན་དུ༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བའི༽སྐད་རིགས་མང་པོའི་དེབ་ཕུད་འགྲེམས་སྤེལ་གྱི་ཡོལ་བ་ཕྱེ་གནང་ཡོད།
ཚོགས་ཞུགས་སྐུ་མགྲོན་ཚོས། ད་ལོ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་རེད། ལོ་བཅུའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་བཏང་གནང་བ་བཅས་དང་། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ལག་ལེན་ལ་གྱུར་བ་དང་། རིགས་གཞུང་ནས་བྱ་སྤྱོད་དངོས་ལ་གྱུར་བ། རེ་འདུན་ནས་དོན་དངོས་ལ་གྱུར་བ། འཆར་བཀོད་ཆེན་པོའི་དོན་བྲིས་ནས་ཚགས་ཚུད་ཞིབ་ཅིང་ཕྲ་བའི་ཞིབ་བྲིས་ལ་གྱུར་བ་བཅས་ཀྱི་བར། ཁ་ཡོད་ལག་ཡོད་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད། ལོ་བཅུའི་རིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་བར་ཁམས་གསར་པ་བཏོད་ཡོད་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ཐད་ཀྱི་དཀའ་གནད་སེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་ཞིག་ཏུ་གྱུར་བའི་ངོས་འཛིན་གནང་ཡོད།
༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བའི༽ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས ༢༠༡༣ ལོའི་ཟླ་བ ༩ པ་ནས ༢༠༡༨ ལོའི་ཟླ་བ ༧ པའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མ་རྩོམ ༤༢ བསྡུས་ཡོད་ཅིང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དང་། ཕུན་སུམ་ཇེ་ཚོགས། གོང་འཕེལ་ཕྱིན་པ་བཅས་ཀྱི་བརྒྱུད་རིམ་ཞིབ་ཕྲ་བཀོད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྩ་དོན་འདུ་ཤེས་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ཐབས་ལམ་བཅས་ལ་སོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་། དགོངས་པའི་འབྱུང་ཁུངས། ལག་ལེན་གྱི་རིན་ཐང་བཅས་ལ་ངོས་འཛིན་ཐུབ་པ་དང་གོ་བ་ལེན་རྒྱུར་འཚམ་པའི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་རེད། ༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བའི༽དབྱིན་ཡིག་དང་། ཧྥ་རན་སིའི་ཡི་གེ ཨུ་རུ་སུའི་ཡི་གེ་བཅས་ཀྱི་དཔར་མ་ཕྱི་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།།