རྒྱ་ཆེའི་ཁ་ལོ་བ་རྣམས་ལ།
གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་དང་འཕྲུལ་སྒུལ་འཁོར་ལོ་གཏོང་བའི་སྒྲིག་ལམ་ཚད་ལྡན་ཅན་དུ་བཏང་སྟེ་གང་བྱུང་དུ་འཁོར་རིགས་མགྱོགས་ཚད་འགྲན་བསྡུར་གཏོང་བ་དང་མྱུར་ཚད་ལས་བརྒལ་བ་ལ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། ས་སྐྱ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན༼རུ་འབྲིང་༽གྱིས་རྒྱལ་ལམ ༣༡༨ དང་རྒྱལ་ལམ ༥༦༣ དུ་ས་ཆ་དང་ཁ་ཕྱོགས་གཏན་འཁེལ་མེད་པའི་ཐོག་གློག་རྡུལ་གྱི་ལྟ་འདོམས་མྱུར་ཚད་ཚད་ལེན་སྒྲིག་ཆས་བེད་སྤྱོད་བྱ་རྒྱུ་ཡིན།
སྤྱི་བསྒྲགས་འདི་སྤྱི་ལོ ༢༠༢༠ ལོའི་ཟླ ༩ ཚེས ༡ ཉིན་འགོ་འཛུགས་ཏེ་ལག་བསྟར་བྱ་རྒྱུ་ཡིན་སྟབས། རྒྱ་ཆེའི་ཁ་ལོ་བ་རྣམས་ནས་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་རང་རྟོགས་ངང་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་གིས་ཐུན་མོངས་ཐོག་བདེ་འཇགས་དང་ཤེས་དཔལ། གོ་རིམ་ལྡན་པ། ཤར་གཏོང་ཐུབ་པ་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་གཏོད་དགོས།
དམིགས་བསལ་སྤྱི་བསྒྲགས་སུ།
ས་སྐྱ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས།
སྤྱི་ལོ ༢༠༢༠ ལོའི་ཟླ ༨ ཚེས ༡༨ ཉིན།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ཀྱིས་བྱ་ཐབས་ཁག༧བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ། གཞིས་རྩེས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལྟ་སྐུལ་ཐེར་འདོན་བྱེད་གནས་འབྲེལ་གཏུག་ཁ་པར་བཙུགས་པའི་སྐོར་གྱི་སྤྱི་བསྒྲགས། བོད་ཀྱི་རྫོང་༼ ཆུས ༽༡༩དབུལ་གྲལ་ནས་ཕྱིར་འཐེན་བྱེད་པའི་སྤྱི་བསྒྲགས། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཞབས་ཞུའི་ཐད་གཏོང་ཁ་པར་12319ཤར་གཏོང་བྱས་པ།