ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

སྟག་གྲུ་ཁ་ནས་གཞིས་རྩེ་གནམ་ཐང་བར་སྐར་མ༣༠ལས་འགོར་གྱི་མི་འདུག

སྤེལ་དུས་: 2021ལོ་11ཟླ་24ཚེས་ 18:07 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། གཡག་རྔ་ནས་ཡེ་གྲོང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་གཞིས་རྩེ་གནམ་ཐང་༼ཚོད་འཛིན་རང་བཞིན་གྱི་ལས་གྲྭ༽དུམ་བུའི་སྟག་གྲུ་ཁ་ནས་གཞིས་རྩེ་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ༼G༤༢༡༨ནི་K༢༠༦༧+༩༤༦.༥༧༧ནས་K༢༡༠༢+༨༡༨.༢༨༨བར་ཡིན་པ༽༢༠༢༡ལོའི་ཟླ༡༡ཚེས༢༢ཉིན་གྱི་ཆུ་ཚོད་༩:༠༠པ་ནས་བཟུང་། རླངས་འཁོར་ཆུང་གྲས་སྐྱོད་ཆོག་པ་དང་འབྲེལ་ཚོད་ལྟའི་གཉེར་སྐྱོང་དོ་དམ་བྱ་རྒྱུ་རེད།

ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག ལམ་དུམ་བུ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ ༣༤.༨༦༨༼སྟག་གྲུ་ཁ་ནས་གཞིས་རྩེ་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ༽ཡོད་པ་དང་། ཚོད་ལྟའི་གཉེར་སྐྱོང་བྱེད་རིང་། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མྱུར་ཚད་མཐོ་ཤོས་ཆུ་ཚོད་རེར་སྤྱི་ལེ ༡༠༠ དང་མྱུར་ཚད་དམའ་ཤོས་ཆུ་ཚོད་རེར་སྤྱི་ལེ ༧༠ ཡི་མྱུར་བགྲོད་གཞུང་ལམ་གི་ཚད་གཞི་ལྟར་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་རེད།

གཉིས།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས༽སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ཚོད་ལྟའི་གཉེར་སྐྱོང་བྱེད་རིང་འཁོར་རྟགས་སེར་པོའི་འགྲུལ་སྐྱེལ་རླངས་འཁོར་དང་། འཁོར་རྟགས་སེར་པོའི་ཟོག་འདྲེན་རླངས་འཁོར། ནུས་རྒྱུ་གསར་པའི་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་། སྦག་སྦག གློག་སྒུལ་འཁོར་གསུམ་མམ་འཁོར་བཞི་སྦག་སྦག འགྲུལ་བཞུད་པ། འཕྲུལ་སྒུལ་མིན་པའི་འཁོར་རིགས། འདྲུད་འཐེན་འཁོར་ལོ། འཁོར་ལྡན་ཆེད་སྤྱོད་འཕྲུལ་འཁོར་སོགས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ ༧༠ ལས་དམའ་བའི་འཕྲུལ་སྒུལ་འཁོར་རིགས་གཞན་དག་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་མི་ཆོག གལ་ཏེ་ཁྲིམས་འགལ་ངང་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པ་དང་། མྱུར་ཚད་ལས་བརྒལ་ནས་བསྐྱོད་པ། ཁྲིམས་འགལ་ངང་འཕྲལ་སྡོམ་འཁོར་ལམ་བཟུང་བ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་ལ་གནོད་འཚེ་བཟོ་བ་དང་། ཁྲིམས་འགལ་ངང་འགྲིམ་འགྲུལ་སྒྲིག་བཀོད་ལ་གཏོར་བཤིག་བཏང་བ་སོགས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་དོགས་གཞི་ཡོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད།

གསུམ། ཚོད་ལྟའི་གཉེར་སྐྱོང་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་བསམ་འཆར་དང་། མྱུར་ཚད་འཇལ་བ། འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་དོན་དངོས། བདེ་འཇགས་ཉེན་ཟོན་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་བཅས་ལ་གཞིགས་ནས་ཚོད་སྐོར་བྱས་ཏེ། འགྲོ་སྐྱོད་མི་ཆོག་པའི་འཁོར་རིགས་དང་མྱུར་ཚད་ཚོད་འཛིན་ཐད་སླར་ཡང་ལེགས་སྒྲིག་བྱ་རྒྱུ་རེད།

རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོས་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། སྤྱི་བསྒྲགས་འདིའི་ནང་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་བཀོད་འདོམས་དང་དོ་དམ་རང་འགུལ་ངང་དང་ལེན་ཞུ་དགོས།

དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ།

 

 

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་།

བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་།

༢༠༢༡ལོའི་ཟླ༡༡ཚེས༢༡ཉིན།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ལྷ་ས་དང་གཞིས་རྩེའི་སློབ་མ་འདི་དག་ལ་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་འདུག ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅིར་བསྐོ་གཞག་གནང་འདུག བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་ཚབ་བསྐོ་གཞག་བྱས་པ། གཞིས་རྩེ་གྲོང་ཁྱེར་དུ་འཁོར་རྟགས་དང་ལག་འཁྱེར་མེད་པའི་གློག་སྒུལ་འཁོར་ལོ་དང་སྦག་སྦག་གཏོང་ཆོག་གི་མི་འདུག