སྤྱི་ལོ ༢༠༢༢ ལོའི་བོད་དུ་བཅའ་སྡོད་ཀྲུང་དབྱང་ཐད་གཏོགས་ཚན་པར(གཞུང་ལས་པ)མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་མིང་ཐོ་འགོད་པའི་སྤྱི་བསྒྲགས།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས༽དང་༼གཞུང་ལས་པ་བསྡུ་བའི་གཏན་འབེབས༽སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ངེད་ཚན་པས་སྤྱི་ལོ ༢༠༢༢ ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་བོད་དུ་བཅའ་སྡོད་ཀྲུང་དབྱང་ཐད་གཏོགས་ཚན་པར་གཞུང་ལས་པ་བསྡུ་བའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ད་ལྟ་འབྲེལ་ཡོད་ནང་དོན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག རྒྱུགས་བསྡུའི་ཁ་གཏད་དང་འཆར་གཞི།
༡.གཞུང་ལས་པ་བསྡུ་བའི་ཁ་གཏད་ནི། རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་སློབ་ཉིན་གང་ལམ་ལུགས་ཀྱི ༢༠༢༢ ལོའི་ལོ་འདི་གའི་སློབ་ཐོན་སློབ་མ་གཅིག་གྱུར་ཐོག་བསྡུ་རྒྱུ།
༢.ཁྱོན་གཞུང་ལས་པ ༧༥ བསྡུ་རྒྱུ།
གཉིས། ལས་གནས།
གཞུང་ལས་པའི་ལས་གནས།
གསུམ། ལས་ཀ་བྱ་ཡུལ།
བོད་རང་སྐྱོང་ལྗོངས་རིམ་པ་འདི་གའི་ལས་ཁུངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རིམ་པ་འདི་གའི་ལས་ཁུངས་སོགས(ཞིབ་ཕྲའི་གནས་ཚུལ་ས་ཡུལ་དངོས་སུ་མིང་ཐོ་འགོད་སྐབས་ཤེས་རྟོགས་བྱས་ན་འགྲིག)ཡིན།
བཞི། མིང་ཐོ་འགོད་པའི་ཆ་རྐྱེན།
༡.རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་སློབ་ཉིན་གང་ལམ་ལུགས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་དགོས།
༢.ལོ་ཚད་ནི།ལོ ༡༨ ནས་ལོ ༣༠ བར་(སྐྱེས་ལོ ༡༩༩༢ ལོའི་ཟླ ༣ པ་ནས་སྤྱི་ལོ ༢༠༠༣ ལོའི་ཟླ ༣ པའི་བར་ཡིན་པ)དང་།ཤེས་རམས་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་ལོ་ཚད་ལོ ༣༥ བར(སྐྱེས་ལོ་སྤྱི་ལོ ༡༩༨༧ ལོའི་ཟླ ༣ པའི་རྗེས་ཡིན་པ)ནར་འགྱངས་བྱེད་ཆོག་པ།
༣. ༩༨༥ དང་ ༢༡༡ སློབ་ཆེན།དེ་བཞིན་ཚན་ཁག་རྩེ་གྲ་གཉིས་ཀྱི་ཉིན་གང་ལམ་ལུགས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་། ཤེས་རམས་པའི་ཞིབ་འཇུག་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མ་སོགས་ཀྱི་སློབ་རྒྱུས་ལྡན་པའི་སྤྱི་ལོ ༢༠༢༢ ལོའི་ལོ་འདི་གའི་སློབ་ཐོན་སློབ་མར་ཆེད་ལས་ཀྱི་ཚོད་འཛིན་མེད་པར་སྔོན་ལ་བསྡུ་བའི་ཐོབ་ཐང་དང་ཆ་རྐྱེན་འཛོམས་ཡོད།
༤.༢༠༢༢ ལོའི་ཟླ ༧ ཚེས ༣༠ ཉིན་གོང་བདེ་བླག་ངང་སློབ་གྲྭ་ཐོན་ནས་སློབ་རྒྱུས་དང་། སློབ་གནས། འབྱོར་ཐོ་འགོད་པའི་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་རག་པ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་དབྱིན་ཡིག་རིམ་པ་བཞི་པའམ་ཡང་ན་དྲུག་པའི(CET)སྦྱངས་འབྲས་སྐར་མ ༤༢༥ ཡན་ཟིན་རིགས་སྔོན་ལ་བསྡུ་རྒྱུ། སྐད་རིགས་གཞན་དེ་མཚུངས་ཀྱི་ཐོབ་ཐང་ཆུ་ཚད་ལྡན་རིགས་སྔོན་ལ་བསྡུ་རྒྱུ།
༥.རྒྱལ་ཡོངས་ཀྱི་རྩིས་འཁོར་རིམ་པའི་རྒྱུགས་ལེན(NCRE)རིམ་པ་གཉིས་པ་དང་དེ་ཡན་གྱི་ལག་ཁྱེར(གློག་རྡུལ་ཆ་འཕྲིན་རིགས་ཀྱི་ཆེད་ལས་ཡིན་པའི་སློབ་ཐོན་སློབ་མས་མཁོ་འདོན་བྱེད་མི་དགོས)རག་པ་དང་རྩིས་འཁོར་གྱི་རིམ་མཐོའི་ལག་ཁྱེར་ཡོད་མཁན་སྔོན་ལ་བསྡུ་རྒྱུ།
༦.ཀྲུང་དབྱང་དང་དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞུང་ལས་པའི་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་དེ་མིན་གྱི་ཆ་རྐྱེན་དང་འཚམ་པ།
ལྔ། མིང་ཐོ་འགོད་སྟངས།
ད་ཐེངས་ཀྱི་རྒྱུགས་བསྡུ་དེ། སྤྱི་ལོ ༢༠༢༡ ལོའི་ཟླ ༡༢ པ་ནས་སྤྱི་ལོ ༢༠༢༢ ལོའི་ཟླ ༡ པོའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ཏུ་མིང་ཐོ་འགོད་ས་བཀོད་སྒྲིག་བྱ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་དང་ས་གནས་འབྲེལ་ཡོད་ལས་དོན་མི་སྣར་འབྲེལ་བ་བྱེད་དགོས།
དྲུག མིང་ཐོ་འགོད་པའི་བླང་བྱ།
༡.ད་ཐེངས་ཀྱི་རྒྱུགས་བསྡུར་ཁ་པར་དང་། འཕྲིན་ཡིག དྲ་རྒྱ་བཅས་དང་།དེ་བཞིན་དེ་མིན་གྱི་རྣམ་པའི་ཐོག་ནས་མིང་ཐོ་འགོད་རིགས་དང་ལེན་བྱེད་ཀྱི་མེད།
༢.རིམས་ནད་ཀྱིས་རྐྱེན་པས་དེ་མཚུངས་ཀྱི་ཐོབ་ཐང་དང་ཆ་རྐྱེན་ལྡན་པའི་སློབ་མས་ས་གནས་ས་ཐོག་ཏུ་མིང་ཐོ་འགོད་མ་ཐུབ་ཚེ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་དང་། སློབ་ཆེན་ལོ་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་སྦྱོང་གི་སྦྱངས་འབྲས།མིང་ཐོ་འགོད་པའི་ཆ་འཕྲིན་རེའུ་མིག ཐག་ཉེ་སར་བསྡད་ནས་བརྒྱབ་པའི་གཟུགས་པོ་ཆ་ཚང་གི་པར་ཚོན་ཁྲ་ཅན་གཅིག་བཅས་rarཡི་རྣམ་པ་དང་།ཁ་བྱང་དུ་སློབ་གྲྭ་དང་ཆེད་ལས། མིང་བཅས་བཀོད་པའི་ཡིག་ཆ་བཟོས་ནས་གློག་རྡུལ་ཡིག་སྒམ་ནང་བསྐུར་ན་འགྲིག རྗེས་སུ་ལས་དོན་མི་སྣས་ཁ་པར་བརྒྱུད་དུས་ཚོད་བདམས་ནས་མིང་ཐོ་འགོད་པའི་ལན་སྤྲོད་རྒྱུ་དང་། མིང་ཐོ་འགོད་པའི་དཔྱད་གཞི ༢༠༢༢ ལོའི་ཟླ ༡ ཚེས ༢༥ ཉིན་གོང་གཤམ་གསལ་གྱི་གློག་རྡུལ་སྦྲག་སྒམ་ནང་བསྐུར་དགོས། དུས་ཚོད་ཡོལ་ཚེ་བདག་སྤྲོད་བྱེད་ཀྱི་མིན།གློག་རྡུལ་སྦྲག་སྒམ།tibet-recruitment@qq.com
བདུན། མིང་ཐོ་འགོད་ས་ཁག་དང་འབྲེལ་གཏུག་བྱེད་སྟངས།