གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་05ཟླ་09ཚེས་ 10:15 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༧ ཉིན་གྱི་དགོང་མོ་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོ་ས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཁྱེད་རང་ནས་ཀྲུང་གོའི་མི་དམངས་ལ་སེམས་གསོའི་གློག་འཕྲིན་བཏང་གནང་བས། ང་རང་ནས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་བྱེད་ཀྱི་ཡོད། ཀྲུང་གོས་ཕོར་ཐིའུ་ཀལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། མུ་མཐུད་རང་ནུས་ལ་དཔག་པའི་རོགས་རམ་བྱས་ཏེ། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་འདྲེན་བྱ་རྒྱུར་རོགས་རམ་ཧུར་ཐག་ཞུ་འདོད་ཡོད། རིམས་ནད་ལས་གྲོལ་ཐུབ་རྗེས་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་མཉམ་ལས་འཚོལ་ཞིབ་བྱེད་པ། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་དེ་བས་ལེགས་པ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ངོས་ནས་ཁྱེད་རང་བར་གྱི་མཛའ་ཤེས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། མུ་མཐུད་ཁྱེད་རང་དང་སྤེལ་རེས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་མིའི་རིགས་ཀྱིས་གོད་ཆག་སྣ་ཚོགས་ལ་འགོག་རྒོལ་དང་འགྲན་རྩོད་བྱས་ནས་བྱུང་བའི་ལོ་རྒྱུས་ཤིག་རེད། སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩར་སྲུང་སྐྱོང་བྱ་རྒྱུ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་རེད། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་བརྩེ་སེམས་ཐོག་ནས་མཐུན་སྒྲིལ་རོགས་ལས་བྱས་ན། གཞི་ནས་དུས་རབས་རང་བཞིན་གྱི་དཀའ་གནད་དང་འགྲན་རྩོད་སྣ་ཚོགས་ནས་འགག་སྒྲོལ་ཐུབ་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་དམིགས་འབེན་ཕྱོགས་སུ་མཉམ་སྐྱོད་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་བཙུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་མཐུན་སྦྱོར་བྱེད་པའི་ཐད་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་དགོས་ཁར། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་རྒྱུར་ཡང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་ལག་གདང་སྦྲེལ་ནས་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད།

ཏོ་སོ་ས་ཡིས། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོའི་མི་དམངས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་བློ་རྩ་བརྟན་པོ་མངོན་པར་ཡི་རངས་ཞུ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ཐུན་མོང་གི་སྤྱི་དགྲ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་ཕོར་ཐིའུ་ཀལ་གྱིས་རིམས་འགོག་བྱེད་པའི་ཁྲོད་གལ་ཆེའི་ནུས་པ་ཐོན་ཡོད། ཕོར་ཀྲུང་མཛའ་གྲོགས་ཀྱིས་འབྱུང་འགྱུར་ལ་ཕྱོགས་སྐབས། ཐུན་མོང་ཐོག་རིམས་འགོག་བྱེད་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་གཏིང་ཟབ་ཏུ་འགྲོ་ངེས་ཡིན་ལ། ཕོར་ཀྲུང་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དུ་འགྲོ་ངེས་ཡིན། རིམས་ནད་གྲོལ་རྗེས་ང་རང་ནས་ཁྱེད་དང་མཇལ་འཕྲད་ཞུ་བ་བརྒྱུད། ཐུན་མོང་ཐོག་ཕོར་ཀྲུང་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་ཅེས་བསྟན་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་དབྱི་རན་གྱིས་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་ཁོང་རྣམ་པར་འཕྲིན་ལན་བསྐུར་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།